མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅོ་ལྔ་ནས་ཚེས་བཅོ་བརྒྱད་ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དཔའ་ཧྲི་ཧྥོས་ཚན་གཙོ་ཡིན་པའི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས། མི་རིགས་ས་ཁུལ་གྱི་ཐོན་ལས་ཆགས་སྟངས་ཇེ་བཟང་དུ་གཏོང་བ་དང་མཁར་གྲོང་ཅན་འཕེལ་རིམ་དུ་གཏོང་བའི་ཁྲོད་ཀྱི་ལས་ཞུགས་གནད་དོན་ལ་ཆེད་དོན་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་ཁྲའོ་དབྱང་། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། གཟིམ་ཁང་ཚང་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བསྟན་དོན། མི་རིགས་ས་ཁུལ་གྱི་ཐོན་ལས་ཆགས་སྟངས་འབྲེལ་བ་དེ་རྒྱལ་ཁབ་བདེ་འཇགས་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ། ནུབ་རྒྱུད་ཀྱི་མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་དུ་བསླེབ་པར་འབྲེལ་བ་ཆེན་པོ་ཡོད། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། བཟོ་ལས་ཅན་དང་མཁར་གྲོང་ཅན་དུ་མངོན་འགྱུར་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བཟང་བོ་བྱེད་དགོས་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྲུང་སྐྱོབ་ཁྲོད་ནས་གསར་སྤེལ་བྱེད་པ་དང་། གསར་སྤེལ་ཁྲོད་ནས་སྲུང་སྐྱོབ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་དང་མཁར་གྲོང་ཅན་གྱི་ལམ་ཞིག་བཏོད་དེ། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐོར་གསར་བའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁྲོད་དུ་སྲིད་གཞུང་དང་ཚོང་རའི་འབྲེལ་བ་གཅིག་གྱུར་བྱས་ནས། ཐོན་ལས་ཆགས་སྟངས་བྱ་བ་ཇེ་ལེགས་སུ་གཏོང་དགོས་ཟེར།

རྟོག་ཞིབ་ཚན་ཆུང་གིས་རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དང་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་གཅིག་གྱུར་འཆར་འགོད་བྱ་བ་དེ་སྐོར་གསར་བའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བྱ་བ་དང་། ནུབ་རྒྱུུད་ཀྱི་མི་རིགས་ས་ཁུལ་གྱི་ས་ཞིང་དང་། དངུལ་ལོར། ཁྲལ་བསྡུ། དཔྱད་ཞིབ་རྣམ་པ་སོགས་ཐད་ནས་ཁྱད་པར་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ནས། ནུབ་རྒྱུད་ཀྱི་མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་བྱེད་དགོས་ཞེས་གྲོས་གཞི་བཏོན།

མཚོ་སྔོན་གྱིས་བཏོན་པའི་གྲོས་གཞི་ལྟར། རྟོག་ཞིབ་ཚན་ཆུང་གིས་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡར་སྐུལ་གཏོང་བའི་ཐད་ལ་བློ་འདོན་ཇུས་འབུལ་བྱས།

རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་ཚྭ་ཨར་ཧན་ཚྭ་མཚོ་དང་དེ་མིན་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་ལ་རྟོག་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག