མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ཧྭ་ནེང་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཚའོ་ཕའེ་ཡུས་ལ་ཐུག་འཕྲད་གནང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-18 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས16ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་གནའ་མཁར་ཟི་ལིང་དུ་ཧྭ་ནེང་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་བ་ཚའོ་ཕའེ་ཡུས་འཁོར་བ་བཅས་པ་ཐུག་འཕྲད་གནང་།  ཕྱོགས་གཉིས་ཀྱིས་ཀྲུང་དབྱང་ཁེ་ལས་དང་ས་གནས་བར་སྔར་ལས་ལྷག་པར་མཐུན་སྦྱོར་་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ།  མཉམ་གཅིག་ཏུ་ནུས་ཁུངས་འཛུགས་སྐྲུན་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་བསམ་བློ་བརྗེ་རེས་བྱས་པ་དང་གྲོས་མཐུན་བྱུང་།

ཐུག་འཕྲད་ཁྲོད།  ཧའོ་ཕིན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཚའོ་ཕའེ་ཡུས་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་བྱས་པ་དང་།  ཧྭ་ནེང་སྡེ་ཚོགས་ཀུང་ཟིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས།  མཚོ་སྔོན་གྱི་གནས་ཚུལ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་སོགས་རགས་བསྡུས་སྒོས་མཚམས་སྦྱོར་བྱས་རྗེས་ཧའོ་ཕིན་གྱིས་བཤད་རྒྱུར།  དེང་སྐབས་མཚོ་སྔོན་དུ“ས་ཁུལ་གསུམ”འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ།  ང་ཚོས་འཁོར་རྒྱུག་དཔལ་འབྱོར་གཙོ་ཡིན་པའི་ཁྱད་ལྡན་ཐོན་ལས་ལ་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་དང་།  ཉི་འོད་ཐོན་ལས་ནི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་གནས་གལ་ཆེན་ཏུ་བཞག་ནས། ཁྱོན་ཡོངས་ནས་སྒྲིག་བཀོལ་བྱེད་པ་དང་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཉི་འོད་ཐོན་ལས་རྟེན་གཞི་གཙོ་གནད་དང་ཆེས་ཆེ་བའི་ཉི་འོད་གློག་འདོན་རྟེན་གཞི་རུ་གྱུར་བར་འབད་པ་བྱེད་རྒྱུ་ཡིན།  ཧའོ་ཕིན་གྱིས་ང་ཚོས་ལྷག་བསམ་འཁོར་བའི་ངང་ཧྭ་ནེང་སྡེ་ཚོགས་འདི་ལྟ་བུའི་ཀྲུང་དབྱང་ཁེ་ལས་མཚོ་སྔོན་དུ་ཡོང་ནས་ཁེ་ལས་གཉེར་བར་དགའ་བསུ་བྱེད་པ་དང་།  རྒྱལ་ཁབ་ཀྱི་གློག་འདོན་ཁེ་ལས་གཙོ་གནད་ཞིག་ཡིན་པའི་ཆ་ནས།  ཧྭ་ནེང་སྡེ་ཚོགས་དང་མཚོ་སྔོན་བར་མཐུན་སྦྱོར་མཉམ་ལས་ཀྱི་འབྲེལ་བ་ལེགས་པོ་ཆགས་ཡོད།  རེ་བ་ཡིན་ན་ཧྭ་ནེང་སྡེ་ཚོགས་ཀྱིས་སྔར་ལས་ལྷག་པར་མཚོ་སྔོན་དུ་མ་དངུལ་འབོར་ཆེན་བཏང་སྟེ།  རྣམ་གྲངས་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་།  མཚོ་སྔོན་གྱི་རིམ་པ་སོ་སའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་ཁེ་ལས་དག་མཚོ་སྔོན་དུ་འཕེལ་རྒྱས་སུ་འགྲོ་བར་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ།  ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་བརྒྱུད།  མཉམ་གཅིག་ཏུ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཆེན་པོ་འདོན་རྒྱུ་ཡིན་པར་བསྟན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག