མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཐོན་རྫས་བརྒྱད་རྒྱལ་ཁབ་ས་ཁམས་མཚོན་བྱེད་ཐོན་རྫས་སྲུང་སྐྱོབ་ཀྱི་གྲས་སུ་བདམས་ཐོན་བྱུང་བ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱུ་སྤུས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཁྲི་ཀ་རྫོང་གཉིས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་ཏ་ཐུང་གི་སྐམས་ཤ་དང་ཁྲི་ཀའི་སྦྲང་རྩི་གཉིས་རྒྱལ་ཁབ་རྒྱུ་སྤུས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁམས་མཚོན་བྱེད་ཐོན་རྫས་སྲུང་སྐྱོབ་ཀྱི་གྲས་སུ་བདམས། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་ཀྲུའུ་ནས་ཆང་དང་བོད་ལུགས་ས་གདན། སྟོང་སྐོར་ཁོག་གི་སྐྱུར་ཁུ་དང་ཚྭ་ཁའི་ཚྭ། དབྱར་རྩྭ་དགུན་འབུ། ཁུ་ནུའི་གཡང་ཊྀ་བཅས་ཀྱི་རྗེས་ནས་བདམས་ཐོན་བྱུང་བའི་ཐོན་རྫས་བདུན་པ་དང་བརྒྱད་པ་རེད། དེས་ཚོང་རྫས་གྲགས་ཅན་གྱི་མཚན་སྙན་དང་ཁྲོམ་རའི་འགྲན་ཤུགས་སྔར་ལས་ཇེ་ཆེར་བཏང་བར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་འཐབ་ཇུས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་ཐད་བྱེད་ནུས་མི་དམན་པ་ཐོན་གྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག