མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་གཞོན་ཚོགས་པ་གཅིག་སྒྲིལ་རྫོང་ཨུ་ཡོན་ལྷན་ཁང་གཞི་རིམ་དུ་སོང་སྟེ་སྐོར་སྐྱོད་འཁྲབ་སྟོན་བྱ་འགུལ་ཕུན་སུམ་ཚོགས་པའི་ངང་སྤེལ་བ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བདུན་ཉིན་བར། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཨུ་ཡོན་ལྷན་ཁང་དང་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཧུར་ཐག་སྒོས་རྩ་འཛུགས་བྱས་ནས། རྫོང་ཡོངས་ཀྱི་ཞང་ལྔ་དང་གྲོང་རྡལ་གཅིག་ལ་སོང་སྟེ་གཞི་རིམ་གྱི་འབྲོག་པ་མང་ཚོགས་ལ་སྐོར་སྐྱོད་འཁྲབ་སྟོན་བྱས། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་བ་སོ་སོའི་གུང་གཞོན་ཚོགས་པ་བཅས་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་བྱས་འོག་འཁྲབ་སྟོན་བྱ་འགུལ་དེ་ཚེས་བཅུ་དྲུག་ཉིན་དྲུག་ཆེན་སུམ་མདོ་གྲོང་བརྡལ་ནས་མཇུག་རྫོགས།

ཐེངས་འདིའི་གཞི་རིམ་ལ་སྐོར་སྐྱོད་བྱེད་པའི་འཁྲབ་སྟོན་བྱ་འགུལ་ཁྲོད་ཞུགས་པའི་ཞང་གྲོང་སོ་སོའི་ལྟད་མོ་བ་སྟོང་གཅིག་ལྷག་ལ་བསླེབས་ཡོད། དེའི་དམིགས་ཡུལ་ནི་ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་སོགས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་བཅས་ཡིན་ལ། དེ་དང་མཉམ་དུ་གཅིག་སྒྲིལ་རྫོང་གི་འབྲོག་པ་ན་གཞོན་གྱི་སྣང་བརྙན་གསར་བ་མངོན་པ་དང་། སྡེ་བའི་མང་ཚོགས་ཀྱི་འབྲེལ་བ་ཇེ་དམ་དུ་གཏོང་བ། ཞང་སྡེའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་རྒྱུ་དེ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག