མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཞིང་དག་ཐེར་བཅོས་སྐྱོང་གསར་སྤེལ་ལས་གཞིའི་བཀོད་འདོམས་པུའུ་འཛུགས་རྒྱུའི་ཐག་བཅད་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཞིང་དག་ཐེར་བཅོས་སྐྱོང་གསར་སྤེལ་བྱ་བའི་མགོ་ཁྲིད་ལ་དངོས་སུ་ཤུགས་སྣོན་པ་དང་། ས་ཞིང་དག་ཐེར་བཅོས་སྐྱོང་གསར་སྤེལ་ལས་གཞི་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཞིང་དག་ཐེར་བཅོས་སྐྱོང་གསར་སྤེལ་ལས་གཞིའི་བཀོད་འདོམས་པུའུ་འཛུགས་རྒྱུ་ཐག་བཅད།

མཚམས་སྦྱོར་བྱས་པ་ལྟར་ན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་རིམ་པའི་ལས་གཞི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་དཔོན་པོའི་འགན་འཁུར་རྒྱུ་ཡིན་པ་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་གཞོན་པ། ཞིང་ཆེན་ཆུ་བེད་ཐིན་གྱི་ཐིན་ཀྲང་གཞོན་པ་བཅས་ཀྱིས་སྤྱིའི་བཀོད་འདོམས་དཔོན་པོ་གཞོན་པའི་འགན་འཁུར་རྒྱུ་རེད། དེའི་ཁོངས་གཏོགས་ལས་ཁུངས་ལ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། དབུལ་སྐྱོར། ནོར་སྲིད། ཆུ་བེད། འགྲིམ་འགྲུལ། ཞིང་ཕྱུགས། ནགས་ལས། རྩིས་བཤེར་བཅས་ལས་ཁུངས་དང་འབྲེལ་ཡོད་ཁུལ་དང་གྲོང་ཁྱེར་ཡོད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ས་ཞིང་དག་ཐེར་བཅོས་སྐྱོང་གསར་སྤེལ་ལས་གཞིའི་བཀོད་འདོམས་པུའུ་འཛུགས་པ་དང་དེའི་བྱ་བའི་འགན་འཁྲི་གཏན་འཁེལ་བྱེད་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག