མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་གྱི་མཛེས་པ་ཞེས་པའི་ལས་བཟོ་བའི་སྔོན་ཐོན་དཔེ་ལེགས་སྙན་ཞུ་ཚོགས་འདུ་ཐོག་མ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། ཟི་ལིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱིས་བསྡུས་པའི་ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་གྱི་མཛེས་པ་ཞེས་པའི་ལས་བཟོ་བའི་སྔོན་ཐོན་དཔེ་ལེགས་སྙན་ཞུའི་ཚོགས་འདུ་ཐོག་མའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཞབས་ཕྱི་ལས་ཁུངས་ཀྱི་ལས་བཟོ་བ་ཀྲའོ་ཧུང་ཞ་ཡིས་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཉིས་བརྒྱ་ལྷག་ལ་སྙ་ཞུ་ཕུལ།

སྙན་ཞུའི་ཚོགས་འདུ་ཐོག་མའི་སྟེང་ཀྲའོ་ཧུང་ཞ་དང་མཱ་ཧྥུའུ་ཞིན། མཱ་པའོ་ཞང་། ཀྲང་མེན་བཅས་ལས་རིགས་མི་གཅིག་པའི་སྔོན་ཐོན་དཔེ་ལེགས་ཅན་གྱིས་རང་ཉིད་ཀྱི་བྱ་བ་དངོས་དང་སྦྲེལ་ཏེ་སྤྱིར་བཏང་གི་བྱ་བའི་ལས་གནས་སྟེང་དཀའ་སྤྱད་འབད་བརྩོན་བྱས་ནས་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་པའི་གནས་ཚུལ་བརྗོད། དེ་ལས་དུས་སྐབས་གསར་བའི་སྔོན་ཐོན་དཔེ་ལེགས་ཅན་གྱིས་དཀའ་སྤྱད་འབད་འཐབ་བྱེད་པ་དང་གསར་སྐྲུན་བྱེད་ཕོད་པ། བྱས་རྗེས་འཇོག་འདོད་པ་བཅས་ཀྱི་འོད་སྟོང་འབར་བའི་སྣང་བརྙན་དང་ལས་བཀུར་ལས་བརྩོན་དང་གསར་གཏོད་གསར་སྐྲུན་གྱི་བདག་པོའི་སྙིང་སྟོབས་མངོན་ཡོད། ཁོ་ཚོའི་སྙིང་སྟོབས་དང་བྱས་རྗེས་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་སྐུལ་མ་ཆེན་པོ་ཐེབས་ཏེ། ཚོགས་ར་ཡོངས་སུ་མཚམས་མ་ཆད་པར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག