མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“སྙིང་འབུམ་ཐང་གའི་སྒྱུ་རྩལ་འགྲེམ་སྟོན”རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-17 11:10

“སྙིང་འབུམ་ཐང་གའི་སྒྱུ་རྩལ་འགྲེམ་སྟོན”ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་འགོ་བརྩམས་པ།
ཐང་གའི་སྒྱུ་རྩལ་པ་སྙིང་འབུམ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས16ཉིན་རེབ་གོང་ཐང་གའི་སྒྱུ་རྩལ་པ་སྙིང་འབུམ་གྱི“སྙིང་འབུམ་ཐང་གའི་སྒྱུ་རྩལ་འགྲེམ་སྟོན”ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་འགོ་བརྩམས།  ཐེངས་འདིའི་ཐང་གའི་འགྲེམ་སྟོན་ལས་ཐང་ག་བརྩམས་ཆོས65དང་ཐང་ག་བཞེངས་སྐབས་མཁོ་བའི་རྒྱུ་ཆ་དང་ཡོ་བྱད་སོགས་འགྲེམ་སྟོན་བྱས་པ་མ་ཟད།  ཁོའི་སློབ་མ་ཚོས་ད་དུང་ཡུལ་དངོས་སུ་ཐང་ག་རི་མོའི་ལག་རྩལ་འགྲེམ་སྟོན་བྱས།

སྙིང་འབུམ་ནི་ལྷ་རིས་མཛེས་རྩལ་པ་ཤ་བོ་ཚེ་རིང་གི་སློབ་མ་ཡིན་པ་དང་།  སློབ་སྦྱོང་གི་མཇུག་རྫོགས་རྗེས་ལྷ་ལྡན་གཙུག་ལག་ཁང་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་ནས་དགོན་སྡེ་རུ་ལྡེབས་རིས་དང་ཐང་ག་འབྲི་བཞེངས་བྱེད་ཀྱིན་ཡོད། ཕྱིར་ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ལ་ལོག་རྗེས།  ཁོང་གིས་རེབ་གོང་ཐང་གའི་སྲོལ་རྒྱུན་གྱི་འབྲི་རྩལ་ལ་གསར་གཏོད་བྱེད་པའི་ལས་སུ་ཞུགས་པ་དང་།  རང་བཞིན་རང་ཉིད་ཀྱི་སྒྱུ་རྩལ་རྣམ་པ་ཞིག་ཆགས།  སྙིང་འབུམ་གྱིས་བཅར་འདྲི་བྱེད་དུས་བཤད་རྒྱུར།  ཐང་ག་འབྲི་བཞེངས་བྱེད་པ་དེ་ང་ལ་མཚོན་ན་འཚོ་བའི་ཐད་ཀྱི་ལག་རྩལ་ཞིག་ཡིན་པ་མ་ཟད།   སྒྲུབ་པ་ཉམས་ལེན་བྱེད་པའི་གོ་རིམ་ཞིག་ཀྱང་ཡིན་ཟེར། 

ཤེས་གསལ་བྱུང་བ་ལྟར་ན།  ཐེངས་འདིའི་འགྲེམ་སྟོན་ཟླ5བའི་ཚེས31ཉིན་བར་སྤེལ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག