མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དབྱི་སི་ཐན་པོར་ནས་བོད་ཀྱི་ས་གདན་འགྲེམ་སྟོན་དང་མུའུ་སི་ལིན་ཟས་རིགས་མཚམས་སྦྱོར་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཐུར་ཁེ་རྒྱལ་ཁབ་ཀྱི་ཚོང་བ་དང་ཁེ་ལས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་འགན་བསྒྲུབས་བྱས་པའི་ཀྲུང་གོ་མཚོ་སྔོན་དཔལ་འབྱོར་ཉོ་ཚོང་དང་ཀྲུང་གོ་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་མཚམས་སྦྱོར་ཚོགས་འདུ་དེ་ཚེས་བཅུ་བཞི་ཉིན་དབྱི་སི་ཐན་པོར་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་། ཐུར་ཁེའི་དབྱི་སི་ཐན་པོར་དུ་སྡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་པ་ཀྲང་ཆིན་དབྱང་། ཐུར་ཁེའི་ཚོང་བ་དང་ཁེ་ལས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨེ་ཧ་མའེ་ཐི·ཞི་ཀིར་སོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

རེབ་འདིའི་མཚམས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་མཚོ་སྔོན་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་། མུའུ་སི་ལིན་ཟས་རིགས་དང་ཅ་ལག་འགྲེམ་སྟོན་ཚོགས་འདུ་མཚམས་སྦྱོར་བྱེད་པ་དང་། མཚོ་སྔོན་དང་ཐུར་ཁེ་སོགས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། མཚོ་སྔོན་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་འཐབ་ཇུས་སུ་ཞུགས་པར་བརྩོན་ལེན་བྱེད་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པས་ཤིས་ཚིག་འབུལ་སྐབས། ཐུར་ཁེ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གསར་སྤེལ་བྱས་པ་བརྒྱུད། ཕྱོགས་གཉིས་ཀྱིས་ཉོ་ཚོང་བརྗེ་རེས་དང་། དངུལ་གཏོང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ཐད་ནས་འཕེལ་རྒྱས་ཆེན་པོ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་པའི་རེ་བ་བཏོན།

མཚམས་སྦྱོར་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཐུར་ཁེའི་ཚོང་བ་དང་ཁེ་ལས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེད་ཐོ་བཀོད། ཕྱོགས་གཉིས་ཀྱིས་མཉམ་དུ་རང་སོ་སོས་བསྒྲུབས་པའི་དཔལ་འབྱོར་ཉོ་ཚོང་བྱ་འགུལ་དུ་ཞུགས་པ་དང་ཁྱབ་གདལ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་བརྗེ་རེས་མཉམ་ལས་བྱེད་ཤུགས་་ཇེ་ཆེར་གཏོང་རྒྱུ་ཡིན་ལ། ཐུར་ཁེ་ཕྱོགས་ཀྱིས་བསྒྲུབས་པའི་དཔལ་འབྱོར་ཉོ་ཚོང་ཡར་སྐུལ་བྱ་འགུལ་དང་དངུལ་གཏོང་མཚམས་སྦྱོར་བྱ་འགུལ་སྤེལ་བར་སྐུལ་ལྕག་བཏང་ནས། དངོས་པོ་ཉོ་ཚོང་བརྗེ་རེས་ཁྱབ་ཁོངས་དང་དངུལ་གཏོང་ཁྱབ་ཁོངས་མཉམ་ལས་སོགས་བྱ་བར་ཤུགས་སྣོན་རྒྱུ་རེད། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་དང་ཐུར་ཁེ་བཟོ་ཚོང་ལས་རིགས་དང་ཁེ་ལས་ལས་རིགས་ཀྱི་མི་སྣར་ཁ་གཏད་ནས་ཁ་བརྡ་བྱས་ཤིང་། ཟི་ལིང་ནས་ཐུར་ཁེའི་ཁྲོམ་ར་ལས་པ་དང་ཐུར་ཁེའོ་ཁེ་ལས་པ“བོད་ཀྱི་ས་གདན་འགྲེམ་སྟོན”དང“མུའུ་སི་ལིན་ཟས་རིགས་དུས་ཆེན”སོགས་ལ་ཞུགས་པའི་ཐད་ནས་གྲོས་མཐུན་སྐོར་ཞིག་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག