མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཆེད་ལས་སློབ་གསོས་འཇོན་མི་གསོ་སྐྱོང་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-17 10:15

ཟླ4བའི་ཚེས16ཉིན། ཡུས་ཧྲུའུ་བརྒྱད་གཅིག་ཆེད་ལས་ལག་རྩལ་སློབ་གྲྭའི་བཟོ་རྩལ་མཛེས་རིས་འཛིན་གྲྭའི་སློབ་མ་ངག་དབང་བསྟན་པས་རང་ཉིས་ཀྱིས་བཟོས་པའི་བརྩམས་ཆོས་འགྲེམ་སྟོན་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་ཆེད་ལས་ལག་རྩལ་སློབ་གྲྭ་དེ4.14ས་འགུལ་ཁྲོད་སློབ་མའི་མལ་ཁང་མུས་གྲུ་བཞི་མ་ཁྲི2ལྷག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། སློབ་ཁྲིད་སྒྲིག་ཆས་སྣ་ཚོགས་ཕལ་ཆེར་ལ་གཏོར་བརླག་ཐེབས་པས་སྐབས་དེར་གནོད་སྐྱོན་ཐེབས་ཚད་ཆེས་ཆེ་བའི་སློབ་གྲྭའི་གྲས་ཤིག་ཡིན། ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་ཆེད་ལས་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་ཀྱིས་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་དུས་སྐབས་སུ་མ་དངུལ་སྒོར་དུང་ཕྱུར4.5བཏང་ནས་ཡུས་ཧྲུའུ་ཆེད་ལས་ལག་རྩལ་སློབ་གྲྭ་བསྐྱར་འཛུགས་བྱས། བསྐྱར་འཛུགས་བྱས་རྗེས་ཀྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆེད་ལས་ལག་རྩལ་སློབ་གྲྭ་དེ་ཡུས་ཧྲུའུ་བརྒྱད་གཅིག་ཆེད་ལས་སློབ་གྲྭར་བསྒྱུར་པ་དང་། ཀྲུང་དབྱང་དམག་ཨུས་རོགས་འཛུགས་དང་ལན་ཀྲོའུ་དམག་ཁུལ་གྱིས་འགན་འཛུགས་བྱས་པ་རེད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ203.2དང་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི6.8ཡོད། མིག་སྔར་སློབ་གྲྭར་སློབ་མ4000ལྷག་ཡོད་ལ། ལོ་རེར་རིགས་སོ་སོའི་ནུས་རྩལ་གསོ་སྦྱོང་བྱེད་ཚད་མི་ཐེངས3000ལ་སླེབས་ཡོད་པས། ཅུང་ཆ་ཚང་བའི་ཆེད་ལས་སློབ་གསོའི་མ་ལག་ཤིག་གྲུབ་ཡོད།  །

ཟླ4བའི་ཚེས16ཉིན། ཡུས་ཧྲུའུ་བརྒྱད་གཅིག་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་མ་བཀྲ་ཤིས་དཔལ་འབྱོར་གྱིས་སློབ་ཁྲིད་ལ་ཉན་བཞིན་པ།

ཟླ4བའི་ཚེས16ཉིན། ཡུས་ཧྲུའུ་བརྒྱད་གཅིག་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་མས་ཐང་ག་བཟོ་བཞིན་པ།

ཟླ4བའི་ཚེས16ཉིན། ཡུས་ཧྲུའུ་བརྒྱད་གཅིག་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་མས་ཐང་ག་འབྲི་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག