མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དེ་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་ནང་དོན་ནང་བཞག་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-16 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ད་ལོ་ནས་བཟུང་ལག་བསྟར་བྱས་པའི་དུས་ཡུན་ལོ7རིང་གི་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པའི་ཁྲོད། རྩྭ་ཐང་དང་ནགས་ཚལ། བརླན་ས་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་པ་དེ་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་གལ་ཆེའི་ནང་དོན་དུ་རྩིས་ནས། མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་སྐྱེ་ཁམས་ལ་གཟིགས་སྐྱོང་བྱེད་པ་རྒྱུན་བསྐྱངས་ཏེ། ཁྱད་ཆོས་མངོན་གསལ་དུ་གཏོང་བ་དང་། ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་གཅིག་ཏུ་སྒྲིལ་ནས་ཤུགས་ཆེན་པོས་ལྗང་མདོག་ཁྱིམ་གཞི་དཔེ་སྟོན་གསར་འཛུགས་བྱ་འགུལ་ལག་བསྟར་བྱས།

བཀོད་སྒྲིག་ལྟར་ན། མཚོ་སྔོན་གྱིས་ད་ལོར་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་མགོ་རྩོམ་པ་ལ། “ཤང་སྡེ་སླར་ཡང་ཤང་སྡེར་འཛུགས་སྐྲུན་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས། “གནའ་ཉམས་ལེགས་བཅོས་དང་ཁྱད་ཆོས་མངོན་གསལ་དུ་གཏོང་བ”དེ་རྣམ་པ་གཙོ་བོར་བཟུང་སྟེ། ཤུགས་ཆེན་པོས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱས།

ད་ལོར་མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.1བཀོད་སྒྲིག་བྱས་ཏེ་མཐོ་སྒང་གི་མཛེས་སྡུག་ཤང་སྡེ300འཛུགས་སྐྲུན་བྱེད་པའི་ཐད་དུ་བཀོལ། མིག་སྔར། མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པར་ཞུགས་པའི་མཉམ་འཛུགས་ལས་ཁུངས་དག་གིས་སྡེ་བ་སོ་སོར་ཁ་གཏད་འབྲེལ་མཐུད་བྱས་ནས་མཉམ་འཛུགས་བྱ་འགུལ་དེ་ལག་བསྟར་བྱེད་པའི་གོ་རིམ་དུ་སླེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག