མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱིས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར15.83བསྐྲུན་པ་དང་དུས་མཉམ་ལས27.5%འཕར་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-16 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ཁྲི174.74སྣེ་ལེན་བྱས་པ་དང་དུས་མཉམ་ལས12.8%འཕར་ལ། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར15.83བསྐྲུན་ཞིང་དུས་མཉམ་ལས27.5%འཕར་ཡོད།

རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱིས་མུ་མཐུད་དུ་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལོ་ཧྲིལ་བོའི་ཉོ་ཚོང་འཆར་གཞི་བཟོས་ནས་ཁེ་ལས་རྩ་འཛུགས་བྱས་ནས་གནས་སྐོར་ཉོ་ཚོང་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ནས་དྲིལ་སྒྲོག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གནས་སྐོར་མཚན་སྙན་ཇེ་མཐོར་བཏང་།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག