མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཆེད་དམིགས་མ་དངུལ་གྱི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་བསྣན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-16 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་གྱི་ཆེད་དམིགས་ཆེད་སྤྱོད་ལ་ཁག་ཐེག་བྱས་ཏེ། མ་དངུལ་གྱིས་ཕན་འབྲས་ཆེས་ཆེར་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱིས2011ལོ་ནས2012ལོའི་བར་གྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་གྱི་ཆེད་དམིགས་རྩིས་བཤེར་བརྟག་ཞིབ་བྱ་བ་སྤེལ།

གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཆེད་དམིགས་མ་དངུལ་ཞིག་ཡིན་ལ། དེས་མཚོ་སྔོན་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་ཐོན་ཐུབ། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རྩིས་བཤེར་གཙོ་བོ་ནི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིང་ཆེན་རིམ་པ་དང་ཏ་ཐུང་། ཧུའུ་ཀྲུའུ་སོགས་རྫོང9ཡི2011ལོ་ནས2012ལོའི་བར་གྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་གྱི་སྤྱི་འབོར་དང་། ཁྱབ་རྒྱ། ལས་གཞིའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་ཏེ། དུས་ལྟར་ལས་གཞིའི་དོ་དམ་དང་མ་དངུལ་བེད་སྤྱོད་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཤེས་རྟོགས་བྱེད་པ་དང་། ལས་གཞིའི་མ་དངུལ་གྱི་དཔལ་འབྱོར་རང་བཞིན་དང་ཕན་འབྲས་རང་བཞིན་ལ་དབྱེ་ཞིབ་དཔྱད་འཇོག་བྱས་ནས་ཆ་ཚང་བའི་ལམ་ལུགས་དང་དོ་དམ་ལ་ཤུགས་སྣོན་པའི་བསམ་འཆར་བཏོན་དེ་སྔར་ལས་ལྷག་པའི་སྒོ་ནས་ལས་གཞིའི་དོ་དམ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག