མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ལས་ཞུགས་བྱ་བའི་འབྲེལ་གཏུག་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་མཚོ་སྔོན་ཞིང་ཆེན་ལས་ཞུགས་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ལས་ཞུགས་སྲིད་ཇུས་སྔར་ལས་ལག་བསྟར་བྱས་པ་དང་། ལས་ཞུགས་ཐབས་ལམ་གསར་གཏོད་བྱས་ལ། ལས་ཞུགས་ཞབས་ཞུ་དང་ལས་རིགས་གསོ་སྦྱོང་བྱ་བར་ཤུགས་བསྣན་ནས། ལས་ཞུགས་རྣམ་པ་བརྟན་འཇགས་ཡོང་བར་འགན་སྲུང་བྱས་ཞེས་བསྟན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཀྱི་ཁུར་བོ་སྔར་ལས་ལྗིད་པ་དང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པས། བརྟན་འཇགས་ཡིན་པའི་ལས་ཞུགས་རྣམ་པ་སྲུང་འཛིན་དང་ཞིང་བ་ཞོར་ལས་བ་ལས་ཀར་ཞུགས་པ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ལས་ཞུགས་གསར་སྐྲུན་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གིས་ཡར་སྐུལ་བྱེད་པ་དང་། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ། ངལ་རྩོལ་པས་ལས་ཞུགས་ལས་སྐྲུན་བྱེད་པའི་ནང་རྐྱེན་གསར་བ་ཞིག་མྱུར་དུ་ཆགས་པར་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་དགོས། ངལ་རྩོལ་པའི་ལས་སྐྲུན་བྱ་བར་རོགས་སྐྱོར་བྱེད་པ་དང་། ལས་ཞུགས་ལས་སྐྲུན་གསོ་སྦྱོང་བྱ་བར་ཤུགས་སྣོན་པ། ལས་སྐྲུན་ཞབས་ཞུ་ཇེ་བཟང་དུ་གཏོང་བ་བཅས་བྱས་ཏེ། ཤུགས་ཆེན་པོས་ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས། མཐོ་རིམ་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་ལྷག་མའི་ངལ་རྩོལ་སྟོབས་ཤུགས་དང་། མཁར་གྲོང་གི་ལས་ཞུགས་དཀའ་ཁག་མི་སྣ་སོགས་ཐུན་མོང་ཚོགས་པ་གཙོ་བོའི་ལས་ཞུགས་གནད་དོན་ཐག་གཅོད་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུ་བྱ་བར་ཤུགས་སྣོན་པ་དང་ཇེ་ལེགས་སུ་བཏང་ནས། ལས་ཞུགས་ཆ་འཕྲིན་དེ་ཞིང་ཆེན་ཡོངས་སུ་ཁྱབ་པར་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་དང་ལས་བགོས་རོགས་ལས་བྱེད་པ། སྡེ་ཁག་གིས་མཉམ་འབྲེལ་བྱེད་པ་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། དཔྱད་ཞིབ་བྱེད་ཐབས་དང་ཡར་སྐུལ་དང་ཚོད་འཛིན་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་བྱ་བའི་དམིགས་འབེན་དང་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག