མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་རིན་རྫོང་གིས་ཞིང་ཕྱུགས་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བྱ་བ་སྤེལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱ་བ་ཡར་སྐུལ་བྱེད་ཆེད། གྲུབ་ཚུལ་ལེགས་སྒྲིག་གནད་སར་བཞག་ནས་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བ་སྣ་ཚོགས་ཡར་སྐུལ་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས། ཐུན་རིན་རྫོང་གིས་གྲོ་འདེབས་རྒྱ་ཇེ་ཉུང་དང་། ཞོག་ཁོག་འདེབས་རྒྱ་རྒྱ་བསྐྱེད་པ། གཟན་རྩྭ་འདེབས་པ་བཅས་ཀྱི་བསམ་ཕྱོགས་ལྟར། གྲོ་མུའུ་སྟོང་ལྔ་དང་དགུ་བརྒྱ་དང་། ཞོག་ཁོག་མུའུ་སྟོང་ལྔ་དང་དགུ་བརྒྱ་དང་ང་དགུ། མ་རྨོས་ལོ་ཏོག་སོགས་མུའུ་སྟོང་གཅིག་དང་བཞི་བརྒྱ་དང་དོན་ལྔ་འདེབས་པའི་བྱ་བ་དངོས་འབེབས་བྱས་ཤིང་། དེའི་ནང་དུ་གཅིག་བསྡུས་མུ་འབྲེལ་གྱི་སྒོ་ནས་མུའུ་སྟོང་གསུམ་དང་དགུ་བརྒྱ་བཏབ། ཐོན་ལས་ཅན་འཕེལ་རྒྱས་སུ་གཏོང་བ་རྨང་གཞི་བྱས་པ་དང་། རྟེན་གཞི་འཛུགས་སྐྲུན་བྱེད་པ་གཙོ་བོར་འཇོག་པ། རྒྱུན་ཆད་མེད་པར་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། སྔོ་ཚོད་འདེབས་པའི་ཐོན་རྫས་ཀྱི་གཞི་ཁྱོན་ཅན་དང་། གཅིག་བསྡུས་གྲོན་ཆུང་ཅན། ཚད་གཞི་ཅན་བཅས་ཀྱི་ཐོན་སྐྱེད་བྱ་བར་ཡར་སྐུལ་བྱས། ད་ལྟ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་མཁར་ཕྱི་ནས་ཚད་གཞི་མཐོ་བའི་ཉི་འོད་ནུས་པའི་དྲོད་ཁང་ཉིས་བརྒྱ་ལས་ཡོད་པ་དང་། ས་ཞིང་མུའུ་ཉིས་བརྒྱ་དང་དོན་བརྒྱད་ཀྱི་སྟེང་དུ་སྔོ་ཚོད་བཏབ་ནས་རྫོང་ཡོངས་ཀྱི་སྔོ་ཚོད་ཚོང་རར་སྔོ་ཚོད་འདོན་སྤྲོད་བྱེད་པར་རྨང་གཞི་བཟང་བོ་ཞིག་བཏིངས་བའི་ཞོར་དུ། ད་རུང་སྐྱེ་ཁམས་ཕྱུགས་ལས་དང་དེ་མིན་ཆེད་ལས་མཉམ་ལས་ཁང་མྱུར་དུ་འཕེལ་རྒྱས་སུ་བཏང་། རྩྭ་སའི་ཨ་བྲའི་གནོད་འཚེ་སྔོན་དགོག་བྱེད་པའི་བྱ་བ་ལག་བསྟར་བྱས་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཞི་བཅུ་དངོས་འབེབས་བྱས་པ་དང་། གཞི་ཁྱོན་གསོ་སྤེལ་ར་བ་བཅོ་ལྔ་ལས། ད་ལོའི་ཟླ་བདུན་པར་ཆུ་ཁོག་དང་། རྒྱལ་བོ། མགར་རྩེ་བཅས་ཞང་གསུམ་གྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་མཉམ་ལས་ཁང་ནས་ལོ་གཉིས་ཀྱི་ནང་བེའུ་གསུམ་རྩེབས་པའི་ཚོད་ལྟ་བྱ་བ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག