མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལྷ་ས་ནས་ཟི་ལིང་བརྒྱུད་དེ་ཡུལ་ཤུལ་ལ་བསྐྱོད་པའི་གནམ་གྲུ་ཟླ་འདིར་འཕུར་སྐྱོད་བྱེད་མགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་གྱི་སྔ་དྲོར་དུས་ཚོད་གཉིས་རིང་ལ་ཚོད་ལྟ་བྱས་ནས་འཕུར་བསྐྱོད་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གནམ་གྲུ་ཐང་གི་གྲངས་ཀ་སོ་སོ་ཚད་གཞི་དང་མཐུན་ཞིང་། ལྷ་ས་ནས་ཟི་ལིང་བརྒྱུད་དེ་ཡུལ་ཤུལ་ལ་འཕུར་སྐྱོད་བྱེད་པའི་གནམ་གྲུ་དངོས་སུ་ཡུལ་ཤུལ་གནམ་གྲུ་ཐང་ལ་ཐོན། བོད་ལྗོངས་མཁའ་འགྲུལ་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་ཟིའི་རྗེས་སུ་ཡུལ་ཤུལ་མཁའ་འགྲུལ་ཚོང་རར་བསྐྱོད་པའི་མཁའ་འགྲུལ་ཀུང་ཟི་གཉིས་པ་རེད།

རེབ་འདིའི་ཚོད་ལྟའི་འཕུར་སྐྱོད་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་ཆེད། ཡུལ་ཤུལ་གནམ་གྲུ་ཐང་གིས་ཚོད་ལྟའི་འཕུར་སྐྱོད་ཀྱི་འབྲེལ་ཡོད་གནད་དོན་ཐད་ནས་བོད་ལྗོངས་མཁའ་འགྲུལ་བར་དུ་འབྲེལ་གཏུག་ཐེངས་མང་པོ་བྱས་པ་དང་། གནམ་གྲུ་ཐང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། གནམ་གྲུ་ཚོད་ལྟའི་འཕུར་སྐྱོད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཚོད་ལྟའི་འཕུར་སྐྱོད་ཀྱི་ཇུས་གཞི་གཏན་ལ་ཕབ། འགན་སྲུང་སྡེ་ཁག་སོ་སོས་སྒྲིག་ཆས་དག་ལ་ཞིབ་བཤེར་ནན་མོ་བྱས་པ་དང་། འབྲེལ་ཡོད་གྲོས་གཞི་བཀོད་དེ་འཁྲབ་སྦྱོང་བྱ་བར་ཤུགས་བསྣན་པའི་ཞོར་དུ། སྡེ་ཁག་སོ་སོའི་བར་ཕན་ཚུན་གཞོགས་འདེགས་བྱས་པ་དང་། མཉམ་ལས་དམ་པོ་བྱས་ནས། རེབ་འདིའི་ཚོད་ལྟའི་འཕུར་སྐྱོད་བྱ་བའིགལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།

ལྷ་ས་ནས་ཟི་ལིང་བརྒྱུད་དེ་ཡུལ་ཤུལ་ལ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཟླ་འདིར་འཕུར་སྐྱོད་བྱེད་མགོ་རྩོམ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག