མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དུ་སྣོད་བཅུད་གནས་སྤོས་ཡུལ་མིའི་ལས་རིགས་གསར་པ་ལས་འབྲོག་པ་ཕྱུགས་གཡོག་ཏུ་གྱུར་པ།

  ཡོང་ཁུངས། བོད་ཀྱི་གསར་འགྱུར་དྲ་བ།  2014-04-16 10:31

    མཚོ་སྔོན་རྨ་སྟོད་རྫོང་རྨ་ཆུ་ཤང་མགོ་ལོག་གྲོང་གསར་ནི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་རྨ་ཆུ་དང་པ་ལྡེང་ཆུ་ཤང་གཉིས་ཀྱི་དུད་ཚང་189ཡི་མི་731གནས་སྤོས་བྱས་པ་ལས་གྲུབ་པ་ཞིག་རེད།ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་རོགས་རམ་འོག་མགོ་ལོག་གྲོང་གསར་གྱི་འབྲོག་པ་དུད་ཚང་10ཡིས་ལུག་རྒྱགས་གསོའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ“ཀུང་སི་དང་།མཉམ་ལས་ཁང་།འབྲོག་དུད་བཅས་ཟུང་དུ་སྦྲེལ་བའི”རྣམ་པའི་ཐོག་ནས་བཞོན་མ་གསོ་ཚགས་དང་ལུག་རྒྱགས་གསོ་བྱེད་ཀྱི་ཡོད།གྲོང་མི་འགའ་ཞིག་གིས་ཕྱུགས་གཡོག་བྱས་ཏེ་མཉམ་ལས་ཁང་གི་བཞོན་མ་115དང་བོད་ལུག་1555ཡི་གསོ་ཚགས་ལས་འགན་འཁུར་ཞིང་། འདི་ནི་ཟླ་4ཚེས་13ཉིན་མཚོ་སྔོན་རྨ་སྟོད་རྫོང་རྨ་ཆུ་ཤང་མགོ་ལོག་གྲོང་གསར་དུ་ཕྱུགས་གཡོག་ཚེ་དབང་ལྷ་མོས་ཕྱུགས་ཚང་ནང་བོད་ལུག་ལ་གཟན་རྩྭ་སྟེར་བའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག