མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི1580བཀོལ་ནས་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་བཙུགས་ནས་འཕྲལ་སྒྲུབ་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-15 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཤང་གི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་། རང་བྱུང་གནོད་སྐྱོན་གྱི་གནོད་འགོག་ནུས་པ་ཇེ་མཐོར་གཏོང་ཆེད། ཟླ4བའི་ཚེས3ཉིན་ཞིང་ཆེན་ནོར་སྲིད་ཐིན་དང་དམངས་སྲིད་ཐིན་གྱིས་མ་དངུལ་སྒོར་ཁྲི1580བཏང་ནས་མགོ་ལོག་དང་རྨ་ལྷོ། མཚོ་ལྷོ་བཅས་ཁུལ་དང་གྲོང་ཁྱེར6ཏུ་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང6འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། དེའི་ནང་གསར་དུ་འཛུགས་པའི་ཤང་རིམ་པའི་མཛོད་ཁང2དང་། རྫོང་རིམ་པའི་མཛོད་ཁང11རྒྱ་བསྐྱེད་བྱེད་པ། རྫོང་རིམ་པའི་མཛོད་ཁང1ཞིག་གསོ་བྱས་ཏེ་སྤྱིའི་རྒྱ་ཁྱོན་མུས་གྲུ་བཞི་མ5402ལ་སླེབས་ཤིང་། དེ་འཆར་གཞི་ལྟར་ན་ཟླ10བའི་ཟླ་མཇུག་སྔོན་ལ་ཚང་མ་ལེགས་འགྲུབ་བྱེད་རྒྱུ་རེད། ལས་གཞི་ལེགས་འགྲུབ་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང74ཡོད་པ་དང་། དེའི་ནང་རྫོང་རིམ་པའི་རྒུད་སྐྱོབ་དངོས་ཟོག་ཉར་མཛོད་ཁང་ཞིང་ཆེན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་ཐུབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག