མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་མཚོ་སྔོན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་འཕར་བའི་རིན་ཐང་སྒོར་དུང་ཕྱུར200ལྷག་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-15 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། དཔལ་འབྱོར་འཁོར་རྒྱུག་གི་མར་འགྲིལ་བའི་གནོན་ཤུགས་ཆེན་པོའི་གནས་བབ་འོག མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ཏེ། རང་འགུལ་གྱིས་བྱ་བར་ནན་ཏན་བྱས་པས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་བརྟན་བརླིང་ངང་མགོ་བརྩམས། དུས་ཚིགས་དང་པོའི་ནང་་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར203.25ལེགས་འགྲུབ་བྱས་ཤིང་དེ་ན་ནིང་གི་དུས་མཉམ་ལས12.5%འཕར་ཡོད།

གསར་འགོད་པས་ཟླ4བའི་ཚེས14ཉིན་ཞིང་ཆེན་སྡོམ་རྩིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོའི་ནང་ཞིང་ཆེན་ཡོངས་ཀྱི་ཡངས་བའི་བཟོ་ལས་ཀྱི་འཕར་ཚད་དེ་ལྗིད་བའི་བཟོ་ལས་ཀྱི་འཕར་ཚད་ལས་མགྱོགས། གཞི་ཁྱོན་ཡན་གྱི་ཡངས་བའི་བཟོ་ལས་ཀྱིས་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར23.91ལེགས་འགྲུབ་བྱས་ལ་དུས་མཉམ་ལས24.9%འཕར་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་གི11.8%ཟིན་ཞིང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཆ1.9འཕར་ཡོད། ལྗིད་པའི་བཟོ་ལས་ཀྱིས་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར179.34ལེགས་འགྲུབ་བྱས་ཤིང་དུ་སམཉམ་ལས11.1%འཕར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག