མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཡུས་ཧྲུའུ་ཡིས་གོས་སྐུ་བཤམ་པའི་ཆོ་ག་སྤེལ་ཏེ་ཡུས་ཧྲུའུ་ས་འགུལ་བྱུང་ནས་ལོ་འཁོར་བཞི་ལོན་པར་རྗེས་དྲན་ཞུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-15 10:36

འདི་ནི་ཟླ4བའི་ཚེས14ཉིན་པར་བླངས་པའི་ཡུས་ཧྲུའུ་གྲོང་ཁྱེར་དོམ་ཁ་དགོན་པའི་གོས་སྐུ་བཤམས་པའི་ཡུལ་དངོས་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དོམ་ཁ་དགོན་པས་མཐོ་ཚད་ལ་མུས70དང་ཞེང་ལ་མུས50ཡོད་པའི་གོས་སྐུ་བཤམ་པའི་ཆོ་ག་སྤེལ་ཏེ། ཡུས་ཧྲུའུ4.14ས་འགུལ་བྱུང་ནས་ལོ་འཁོར4ལོན་པར་རྗེས་དྲན་ཞུས། རྒྱུས་ལོན་པ་ལྟར་ན། ཐང་ག་དེར་སྤྱིའི་མ་དངུལ་སྒོར་ཁྲི170བཏང་བ་དང་། སྔ་རྗེས་སུ་མཛེས་རིས་པ90ལྷག་གིས་དུས་ཡུན་ལོ1རིང་བཞེངས་པ་རེད། ཐང་གའི་གཤམ་དུ་ཡུས་ཧྲུའུ་ས་འགུལ་ཁྲོད་མྱ་ངན་ལས་འདས་པའི་མི2000ལྷག་གིས་མིང་བྲིས་ཡོད།  །

ཟླ4བའི་ཚེས14ཉིན། ས་གནས་མང་ཚོགས་ཀྱིས་གོས་སྐུའི་མདུན་དུ་སྨོན་ལམ་རྒྱག་བཞིན་པ།

འདི་ནི་ཟླ4བའི་ཚེས14ཉིན་པར་བླངས་བའི་ཡུས་ཧྲུའུ་ས་འགུལ་ཁྲོད་མྱ་ངན་ལས་འདས་པའི་མིའི་མིང་བྲིས་ཡོད་པའི་གོས་སྐུ་རེད།

འདི་ནི་ཟླ4བའི་ཚེས14ཉིན་པར་བླངས་པའི་མཐོ་ཚད་ལ་མུས70དང་ཞེང་ལ་མུས50ཡོད་པའི་གོས་སྐུ་ཆེན་མོ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག