མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་གྱི་རེ་བའི་སློབ་ཆུང་གི་དང་བླངས་པའི་རོགས་ཁྲིད་བྱ་འགུལ་བདེ་བླག་ངང་སྤེལ་བཞིན་པ།

རྩོམ་པ་པོ། རྡོ་རྗེ་བམས་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-15 10:35

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། ཧྲང་ཧེ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་རྒྱལ་སྤྱིའི་དཔལ་འབྱོར་ཁྲིམས་ལུགས་ཆེད་ལས་ཀྱི་ལོ་རིམ་བཞི་བའི་སློབ་མ་ཡོན་ཧྥང་གིས་ཧུའུ་ཀྲུའུ་རྫོང་ཏུང་ཧི་ཤང་ཏ་ཧྭ་ལིན་རེ་བའི་སློབ་ཆུང་ནས་སློབ་མར་ལག་བཟོས་ཤོག་ལྟེབས་ལག་རྩལ་ཁྲིད་བཞིན་ཡོད་ལ། དེ་བས2014ལོའི་མཚོ་སྔོན་རེ་བའི་སློབ་ཆུང་དང་བླངས་པའི་རོགས་ཁྲིད་བྱ་འགུལ་དངོས་སུ་མགོ་བརྩམས་ཡོད། ཞིང་ཆེན་གུང་གཞོན་པ་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ལ་མིག་སྔར་རེ་བའི་སློབ་ཆུང120ཡོད་པ་དང་སློབ་མ25000ཡོད། 2008ལོར་མཚོ་སྔོན་གྱིས་རེ་བའི་སློབ་ཆུང་དང་བླངས་པའི་རོགས་ཁྲིད་བྱ་འགུལ་ལག་བསྟར་བྱས་པའི་ཚུན། སྔ་རྗེས་སུ་དང་བླངས་པ30ལྷག་མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་དུ་ཕྱིན་ནས་རོགས་ཁྲིད་དང་བླངས་བྱ་འགུལ་སྤེལ་ལ། ས་གནས་ཀྱི་རྨང་གཞི་སློབ་གསོ་ཇེ་མཐོར་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག