མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་གྱི“དཀའ་བ་ལོ་གསུམ་སྤྱད་ནས་ལོ་ཉི་ཤུ་ལྟ་བུའི་མཆོང་སྐྱོད་ཡོང་བ་བྱེད་པའི” བསྐྱར་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-15 10:26

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་13ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་ཚོགས་བྱས་ནས་ཡུལ་ཤུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།མིག་སྔའི་བར་ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་སྒོ་ཀུན་ནས་ལེགས་གྲུབ་བྱུང་ནས“དཀའ་བ་ལོ་གསུམ་སྤྱད་ནས་ལོ་ཉི་ཤུ་ལྟ་བུའི་མཆོང་སྐྱོད་ཡོང་བ་བྱེད་པའི”བསྐྱར་སྐྲུན་གྱི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་སྣོད་བཅུད་བཟང་བ་དང་།ཁྱད་ཆོས་མངོན་གསལ་དོད་པ།དཔལ་འབྱོར་འཕེལ་རྒྱས།བདེ་འཇགས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་ཞིག་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    ཡུལ་ཤུལ་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཀྲོའུ་ཀྲང་གཞོན་པ་ཧན་ཡུང་ཧྲེན་གྱིས“བསྐྱར་སྐྲུན་བྱས་རྗེས་ཀྱི་ཡུལ་ཤུལ་གསར་པ་ནི་གཞན་སྒྱུར་འཕེལ་རྒྱས་དང་སྔོན་དུ་མཆོང་སྐྱོད་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་ཏུ་ལངས་ཡོད།ཡུལ་ཤུལ་གྱིས་བསྐྱར་སྐྲུན་རྣམ་གྲངས་ཀྱི་རྗེས་མཐུད་ལས་དོན་དང་གཉེར་སྐྱོང་དོ་དམ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་དེང་སྐབས་ལ་གཞི་ཚུགས་ཏེ་ཕུགས་ལ་དམིགས་པ་དང་།ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས་གཅིག་འདོམས་ལྟ་རྟོག་བྱེད་པ།དུས་བསྟུན་འཕེལ་རྒྱས་བྱས་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུལ་ཤུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཕན་འབྲས་ཐོབ་པ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད་པ་རེད།

    ཡུལ་ཤུལ་གསར་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ།ཡུལ་ཤུལ་གྱིས་རྒྱལ་ཡོངས་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་མཐོ་ཚད་ཐོག་ནས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭའི་རྗེས་མཐུད་དང་སྲ་བརྟན་ལས་དོན་ཡག་པོ་སྒྲུབ་པ་དང་།མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།སྣོད་བཅུད་ཀྱི་དམར་ཐིག་ནན་སྲུང་བཅས་བྱས་ནས་ལྗང་མདོག་ཡུལ་ཤུལ་འཛུགས་སྐྲུན་བྱེད་པ་དང་།མ་དངུལ་སྒོར་དུང་ཕྱུར་3.4ཟིན་པའི་རྩྭ་ཐང་གི་སྣོད་བཅུད་བྱ་དགའི་ཁ་གསབ་མ་དངུལ་དང་སྤྱི་ཕན་ཤིང་ནགས་ཀྱི་སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་འབྲོག་པར་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་དང་གྲུབ་འབྲས་སྔར་བས་མང་བ་དང་ལེགས་པ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད་པ་རེད།དུས་མཚུངས་གཞོགས་འདེགས་ངང་སྣོད་བཅུད་ནུས་པ་ཁུལ་གལ་ཆེན་གྱི་ཞབས་ཞུའི་རིན་ཐང་དཔྱད་དཔོག་ཡག་པོ་བྱས་ནས་འདམ་ར་དང་ཆུའི་ཐོན་ཁུངས་ནི་སྣོད་བཅུད་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་པ་དང་།དྲ་བའི་མ་ལག་བཟོ་བ་དང་འཐུས་ཚང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་དང་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།རང་བྱུང་གནོད་འཚེའི་ཉམས་ཉེན་དཔྱད་དཔོག་ལ་སྐུལ་འདེད་གཏོང་བ།དངོས་རྫས་འགན་ལེན་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱེད་པ།གཙང་གསུམ་ཆུ་འགོའི་ཞིང་འབྲོག་ཁུལ་གཙང་སྦྲ་དོད་པའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ནས་སྣོད་བཅུད་སླར་གསོའི་ལས་འགན་ཡག་པོ་སྒྲུབ་པ་དང་།གཟབ་ནན་གྱི་ཆུ་འགོ་སྲུང་སྐྱོང་གི་ལམ་ལུགས་དང་།གནོད་འཚེ་སྐྱིན་ཚབ་ཀྱི་ལམ་ལུགས།འགན་འཁྲི་བདའ་འདེད་ལམ་ལུགས་བཅས་ལག་ལེན་བསྟར་བ།དུས་ཚོད་དང་ས་ཚིགས་ལྟར་སྣོད་བཅུད་སླར་གསོའི་ལས་འགན་ལེགས་གྲུབ་ཡོང་བ་བྱེད་པ།ས་ཁུལ་གྱི་རྒྱུ་ཆའི་ཁེ་ལས་ཀྱི་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་བཞིན་ཡོད་པའི་ས་ཁུལ་གྱི་རྒྱུ་ཆའི་ཁེ་ལས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མགོ་ཡོད་མཇུག་ཡོད་ངང་སྣོད་བཅུད་སླར་གསོའི་ལས་དོན་ཡག་པོ་སྒྲུབ་པ།རྫོང་ཁག་གི་རྫོང་གྲོང་དང་གནད་ཆེའི་ཚོང་འདུས་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་དང་།ཁོར་ཡུག་བཅོས་སྐྱོང་།གད་སྙིགས་ཐག་གཅོད།གཙང་བཟོ་སྐྱེལ་འདྲེན་བཅས་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་པ་རེད།

    ཡུལ་ཤུལ་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་ལེན་ནུས་པར་སྔར་བས་ཤུགས་སྣོན་ཐེབས་པ།བསྐྱར་སྐྲུན་བྱས་རྗེས་ཀྱི་ཡུལ་ཤུལ་གྱིས་གེགས་བར་བྱུང་མེད་པའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་སྣང་ཆེན་བྱེད་ཀྱི་ཡོད་པ་རེད།མིག་སྔའི་བར་འབྲི་སྟོད་ནས་རྫ་སྟོད་དང་ནང་ཆེན་བར་གྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་2.95དང་།ཞིང་ཆེན་ལམ་308སྒྱུར་བཀོད་རྒྱས་སྐྲུན་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་1.3 ཞིང་ཆེན་ལམ་309ཡི་རྡོ་ལ་མ་ཁོ་ནས་རྫ་སྟོད་བར་གྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་1.68 རྒྱལ་ལམ་214ལམ་ཐིག་གི་སྐྱེ་རྒུ་མདོ་ནས་ནང་ཆེན་བར་གྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་1.73བཅས་བྱ་རྒྱུའི་ལས་འགན་ལེགས་གྲུབ་བྱུང་བ་དང་།“གཞུང་ལམ་སྟབས་བདེ”དང“དམངས་ཕན་ཟམ་པ”འཛུགས་སྐྲུན་ལས་གྲྭ་ལག་ལེན་ཡག་པོ་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་2.55བཏང་བའི་གྲོང་གསེབ་ཀྱི་གཞུང་ལམ་དང་།ལྷུ་ལག་ཚང་བའི་ཟམ་པ་དང་ཆུ་འགྲོརང་ཚུགས་ཟམ་པ་11རིང་ཚད་སྤྱི་ལེ་198ཟིན་པའི་མཐའ་མཚམས་རྒྱང་རིང་ས་ཁུལ་གྱི་གྲོང་ཚོར་ཤར་གཏོང་གཞུང་ལམ་འཛུགས་སྐྲུན་བཅས་ཀྱི་རྣམ་གྲངས་34ལག་ལེན་བསྟར་བ་རེད།དུས་མཚུངས་ནུས་རྒྱུའི་རྣམ་གྲངས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་110KVཡི་ནུབ་རྫོང་གསུམ་གྱི་དྲ་སྦྲེལ་ལས་གྲྭ་བསྐྲུན་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་པ་དང་།ཤྭ་ལའི་ཆུ་དང་།ཨ་སྟོད།ཉག་ལ་སོགས་ཤང་དང་གྲོང་རྡལ་དགུའི་གློག་མེད་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭ་དང་རང་ཚུགས་འོད་ཕུའུ་གློག་ཁང་འཛུགས་སྐྲུན་བཅས་ཀྱི་ལས་འགན་ལག་ལེན་ཧུར་ཐག་བསྟར་བ་རེད།

    ཡུལ་ཤུལ་གསར་པས“མང་ཚོགས་ཨང་དང་པོར་འཇོག་པ་དང་དམངས་འཚོ་སྔོན་དུ་འཇོག་པ”དེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་བའི་གཙོ་གནད་ཅིག་ཏུ་བརྩི་ཡི་ཡོད་པ།ཡུལ་ཤུལ་གྱིས་དམངས་འཚོའི་ཁྱབ་ཁོངས་ནང་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མ་འཇོག་སྒོར་ཁྲི་5000ཟིན་པའི་གྲོང་ཚོ་དབུལ་པོ་32ཀྱི་དུད་ཚང་780ཡི་མི་འབོར་ཁྲི་2.9ཡི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་བ་དང་མ་འཇོག་སྒོར་ཁྲི་1438ཟིན་པའི་དུད་ཚང་471གི་མི་འབོར་2005གཞན་སྤོས་བཀོད་སྒྲིག་ལས་འགན་ལེགས་གྲུབ་བྱུང་བ་དང་།མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་15%འཕར་རྒྱུ་དང་ལོའི་ནང་མི་འབོར་དབུལ་པོ་ཁྲི་2ཉུང་དུ་འགྲོ་རྒྱུའི་བརྩོན་ལེན་བྱེད་པ།ས་ཆ་བསྡུས་པའི་ཞིང་པར་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་ལེན་བསྟར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་དང་སྨན་བཅོས་འགན་བཅོལ་ལམ་ལུགས་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པ་དང་རྒན་གསོ་དང་།སྨན་བཅོས།ལས་རྨས།ལས་ཤོར་བཅས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ།སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་གོ་སྐབས་བཟང་པོ་བེད་སྤྱད་དེ་ལས་བཟོ་དང་།གྲོང་མི།གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་བཅས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྣ་ཁ་གསུམ་ཀྲོའུ་རིམ་པས་གཅིག་གྱུར་འཆར་འགོད་བྱས་ནས་འགན་ལེན་ཚད་གཞི་འོས་འཚམ་ངང་མཐོ་རུ་གཏོང་བ་བཅས་བྱས་པ་རེད།དུས་མཚུངས་གེགས་བར་བྱུང་མེད་པའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་དཀའ་ངལ་དང་གནད་དོན་དེ་ཨང་དང་པོར་བཞག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་།ཉེན་ཁང་སྒྱུར་བཀོད།སྣོད་བཅུད་གནས་སྤོས་མི་སེར་གྱི་འདུ་འགོད་སོགས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྒོ་ཀུན་ནས་ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་2.78བཏང་སྟེ་ཞིང་འབྲོག་པའི་བདེ་སྡོད་ཁང་པ་ཆ་ཚང་3273དང་རྩྭ་ཐང་དུ་གུར་གསར་པ་ཁྱོན་10111གསར་སྐྲུན་བྱས་ནས་བདེ་སྡོད་འགན་ལེན་རང་བཞིན་གྱི་སྡོད་ཁང་ཡོངས་སུ་ཁྱབ་གང་ཐུབ་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག