མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་པ་མི་རིང་བར་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-15 10:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ལས་འགོ་བཙུགས་ཏེ་ལོ་བདུན་ཙམ་སོང་བའི་མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་པའི་འཛུགས་སྐྲུན་དེ་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་པ་དང་སྔོན་དཔག་བྱས་ན་ཟླ་4ཚེས་15ཉིན་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་རེད།ཀོན་ཅའོ་ཕུག་ལམ་གསར་པ་དེ་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་དུམ་བུའི་བར་གྱི་མཚོ་སྔོན་ཐེམ་རྫོང་དུ་གནས་པ་དང་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་32.645ཡོད་པ་མ་ཟད་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལས་བརྒལ་བ་དང་ཨར་ལས་བྱ་ཡུལ་གྱི་ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད།ཕུག་ལམ་ཤར་གཏོང་ཐུབ་རྗེས་མེ་འཁོར་ཀོན་ཅའོ་རི་བོ་སྒྲོལ་བའི་དུས་ཚོད་ཆུ་ཚོད་གཉིས་ཙམ་ཐུང་དུ་འགྲོ་རྒྱུ་དེས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་ནུས་ཤུགས་ཆེར་འགྲོ་རྒྱུ་རེད།

འདི་ནི་ཟླ་4ཚེས་13ཉིན་པར་བརྒྱབ་པའི་མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་པར་འཛུལ་ས་ཡིན་པ།

འདི་ནི་ཟླ་4ཚེས་13ཉིན་བཟོ་པས་མཚོ་བོད་ལྕགས་ལམ་གྱི་ཀོན་ཅའོ་ཕུག་ལམ་གསར་པར་གློག་གི་ཚ་ལ་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག