མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་རྒྱལ་གྱིས་མཚོ་སྔོན་ནས་བེད་སྤྱོད་ཐུབ་པའི་བྲག་སྐམ་ཐོན་ཁུངས་ཐོག་མར་ ཤེས་རྟོགས་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-15 10:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཉེ་ཆར་མཚོ་སྔོན་གྱི་ས་གཤིས་རྩད་ཞིབ་མི་སྣས་མཚོ་སྔོན་གྱི་གསེར་ཆེན་གཤོངས་ས་ནས་དྲོད་ཚད་153℃ཟིན་པའི་བྲག་སྐམ་གྲུབ་འབྲས་ཐོབ་པའི་ངང་ཤེས་རྟོགས་བྱུང་བ་རེད།དེ་ནི་རང་རྒྱལ་གྱིས་གཞི་ཁྱོན་ཆེ་ལ་བེད་སྤྱོད་ཐུབ་པའི་བྲག་སྐམ་ཐོན་ཁུངས་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་དང་ས་འོག་ཚ་ནུས་དང་གློག་འདོན་སོགས་གཙང་སྦྲ་ལྡན་པའི་ནུས་རྒྱུར་སྤྱོད་ཆོག་གི་ཡོད་པ་རེད།

    མཚོ་བོད་ས་མཐོའི་དབུས་སུ་གནས་པའི་གསེར་ཆེན་གཤོངས་ས་ནས་ཤེས་རྟོགས་བྱུང་བའི་བྲག་སྐམ་ཐོན་ཁུངས་གཏིང་རིང་པོ་མེད་པ་དང་།དྲོད་ཚད་མཐོ་བ།ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་རང་རྒྱལ་དུ་སྔ་ཕྱི་བར་གསུམ་དུ་བྲག་སྐམ་ཐོན་ཁུངས་རྩད་ཞིབ་ཐུབ་མེད་པའི་སྟོང་ཆའང་བསྐངས་པ་རེད།མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ས་གཤིས་བཟོ་བཀོད་ས་གཤིས་ཁོར་ཡུག་དང་ས་གཤིས་བརྟག་ཞིབ་ཁང་གི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།གསེར་ཆེན་གཤོངས་ས་ནས་ཤེས་རྟོགས་བྱུང་བའི་བྲག་སྐམ་དེ་ཚགས་དམ་ལ་ཆུ་སིམ་མི་ཐུབ་པ་དང་གཏིང་ཚད་སྨི་1600ཡི་མན་དུ་ས་འོག་ཆུའི་ཤུལ་མེད་པས་བྲག་སྐམ་གྱི་ཁྱད་ཆོས་དང་མཐུན་ཡོད་པ་རེད།བྲག་སྐམ་དེ་རིགས་གསེར་ཆེན་གཤོངས་སའི་མཐིལ་དུ་རྒྱ་ཁྱབ་ངང་གནས་པ་དང་གསོར་ཁུང་ལས་ཚོད་འཛིན་ཐུབ་པའི་བྲག་སྐམ་གྱི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་150ཡན་ཟིན་པས་བྲག་སྐམ་ཐོན་ཁུངས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ས་མཐོ་འབུར་ཐོན་བྱེད་རིང་ས་འོག་ས་ནུས་ཀྱི་ཐོན་ཁུངས་རབ་དང་རིམ་པ་ཆགས་པ་དང་བྲག་སྐམ་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་ཁྱབ་ཚུལ་ནས་བལྟས་ཚེ་མཚོ་བོད་ས་མཐོའི་ལྷོ་རྒྱུད་དུ་རང་རྒྱལ་གྱི་སྐམ་སའི་ས་ཁུལ་གྱི་བྲག་སྐམ་གྱི་སྤྱིའི་ཐོན་ཁུངས་ཚད་གཞིའི་ལྔ་ཆ་གཅིག་ཙམ་ཡོད་པས་ཐོན་ཁུངས་ཀྱི་ཚད་གཞི་ཧ་ཅང་ཕུན་སུམ་ཚོགས་པོ་རེད་ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག