མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བོད་ལྕགས་ལམ་བཀའ་འགྱུར་རི་བོའི་ཕུག་ལམ་མི་འགྱངས་བར་ཤར་གཏོང་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-14 10:46

ཟླ4པའི་ཚེས13ཉིན།  ལས་བཟོ་བས་མཚོ་བོད་ལྕགས་ལམ་བཀའ་འགྱུར་རི་བའི་ཕུག་ལམ་ནས་ཨར་ལས་བྱེད་བཞིན་པ།
མཚོ་བོད་ལྕགས་ལམ་བཀའ་འགྱུར་རི་བོའི་ཕུག་ལམ་གྱི་འཇུག་སྒོ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ལས་འགོ་བརྩམས་ནས་ལོ་ངོ7འགོར་རྗེས།  མཚོ་བོད་ལྕགས་ལམ་བཀའ་འགྱུར་རི་བའི་ཕུག་ལམ་གྱི་འཛུགས་སྐྲུན་མི་འགྱངས་བར་ལེགས་འགྲུབ་འབྱུང་ངེས་ཡིན་ལ།  སྔོན་དཔག་ལྟར་ན་ཟླ4བའི་ཚེས15ཉིན་ཁྱོན་ཡོངས་ནས་ཤར་གཏོང་བྱེད་རྒྱུ་རེད།  བཀའ་འགྱུར་རི་བོའི་ཕུག་ལམ་ནི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཆགས་ཡོད་པ་དང་།  ལྕགས་ལམ་འདིའི་རིང་ཚད་ལ་སྤྱི་ལེ32.645ཡོད་པ་དང་མཚོ་ངོས་ལས་སྨི3600ཡན་ལ་བརྒལ་ཡོད་པས།  ཨར་ལས་བྱེད་སའི་ས་གཤིས་ཆ་རྐྱེན་ཧ་ཅང་མི་ལེགས།  ཕུག་ལམ་ཤར་གཏོང་བྱས་རྗེས་མེ་འཁོར་བཀའ་འགྱུར་རི་བོར་བརྒྱུད་སྐབས་དུས་ཚོད2ཇེ་ཐུང་དུ་འགྲོ་ངེས་པས།  མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་ཤུགས་སྔར་ལས་མཐོར་འདེགས་འབྱུང་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག