མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོའི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས་ཏེ། གནས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོར། བཟོ་ལས་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་མགོ་བརྩམས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་རྒྱུ་དེ་ལས་འགན་དང་པོར་བརྩིས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་འཁོར་རྒྱུག་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་དང་བཟོ་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གསར་བ་བཅུ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དངུལ་གཏོང་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པར་མ་ཟད། གློག་ཤུགས་དང་ལྕགས་ལམ། མ་དངུལ་བཅས་ཀྱིས་ཁག་ཐེག་བཟང་བོ་བྱེད་དགོས། བྱ་བའི་བསམ་ཕྱོགས་སྔར་ལས་ལེགས་སྒྲིག་བྱེད་པ་དང་ཁེ་ལས་ཀྱི་གནད་དོན་དངོས་ཐག་གཅོད་རོགས་བྱེད་དགོས་པར་མ་ཟད། ཁེ་ལས་ཀྱི་དངུལ་གཏོང་དང་འཕེལ་རྒྱས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཤིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས2014ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བའི་ལས་གཞི་རྩ་འཛུགས་དང་འབྲེལ་འདྲིས་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག