མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པས་དྲག་ཆས་ཉེན་རྟོག་དམག་དཔུང་གི་མཚོ་སྔོན་དུ་སྦྱོང་བརྡར་བྱེད་པའི་དཔོན་དམག་རྣམས་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་བཅས་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཟི་ལིན་ཡོན་དབྱང་ཞོང་ཨེ་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཚོས་ཁྲང་ཡོན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཞའོ་དབྱང་ཀྲུང་བཅས་ཀྱི་འགྲོ་རོགས་འོག མཚོ་སྔོན་ནས་སྦྱོང་བརྡར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པའི་དྲག་ཆས་ཉེན་རྟོག8650དམག་དཔུང་གི་དཔོན་དམག་རྣམས་ལ་འཚམས་འདྲི་དང་སྐྱེལ་མ་བྱེད་དུ་སོང།

ཝང་ཅན་ཅོན་གྱིས་དྲག་ཆས་ཉེན་རྟོག8650དམག་དཔུང་གི་སྦྱོང་བརྡར་བྱེད་པའི་དཔོན་དམག་ལ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། ང་ཚོས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕུན་གཉིས་ཀྱི་མངག་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་ལྔ་དང་འབུམ་བདུན་ཁྲི་བདུན་བཅས་ཀྱི་ཚབ་བྱས་ནས་མཚོ་སྔོན་དུ་སྦྱོང་བརྡར་བྱེད་པའི་དམག་དཔུང་གིས་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་ཆེད་དཀའ་སྤྱད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པ་མ་ཟད། མི་འགྱང་བར་ཕྱིར་དམག་སྒར་དུ་ལོག་རྒྱུ་ཡིན་པའི་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

ཝང་ཅན་ཅོན་གྱིས་བཤད་རྒྱུར། 8650དམག་དཔུང་གིས་བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལྟར། གསར་བརྗེའི་གོམས་སྲོལ་བཟང་བོ་དར་སྤེལ་དང་རང་འགུལ་སྒོས་དེང་རབས་གསར་བརྗེ་དམག་མིའི་དཀྱིལ་སྙིང་གི་རིན་ཐང་ལྟ་བ་ལག་བསྟར་བྱས་པ། བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ་ཡི་རེ་བ་ལྟར། གློ་བུར་དུ་བྱུང་བའི་བརྟན་འཇགས་ཐད་ཀྱི་གནས་ཚུལ་དང་ཉེན་སེལ་རྒུད་སྐྱོབ་བྱེད་པ་སོགས་ལས་འགན་གལ་ཆེན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ཟེར།

ཝང་ཅན་ཅོན་གྱིས་བཤད་རྒྱུར། ལོ་ངོ་དྲུག་གི་དུས་ཡུན་ནི་མིག་བརྡེབས་པ་ཙམ་རེད། སེམས་པ་འཁྲེང་ཞོར་དུ་ཁྱེད་རྣམ་པ་དང་ཁ་གྱེས་སྐབས་སེམས་སུ་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོའི་དྲིན་དྲན་ཡོང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོས8650དམག་དཔུང་ཞེས་པའི་མཚན་བྱང་དེ་བརྗེད་མི་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག