མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཅུའི་རིང་ལ་སྤྱིའི་ནོར་སྲིད་ལས་བརྒྱ་ཆའི་བདུན་ཅུའི་ཡན་གྱི་ནོར་ཤུགས་དམངས་འཚོའི་འཛུགས་སྐྲུན་ཐད་བཏོན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཅུའི་རིང་ལ་སྤྱིའི་ནོར་སྲིད་ལས་བརྒྱ་ཆའི་བདུན་ཅུའི་ཡན་གྱི་ནོར་ཤུགས་ཞིང་ཆེན་ཡོངས་དང་ལྷག་པར་དུ་བོད་རིགས་རང་སྐྱོང་ཁུལ་དྲུག་གི་སྨན་བཅོས་དང་སློབ་གསོ། འགན་སྲུང་སྡོད་ཁང་སོགས་དམངས་འཚོའི་འཛུགས་སྐྲུན་ཐད་བཏོན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་། ཉིས་སྟོང་དགུ་ལོ་ནས་བཟུང་མཚོ་སྔོན་ལ་ཁྱོན་ཡོངས་ནས་སྨན་བཅོས་བཅོས་བསྒྱུར་ལག་བསྟར་བྱས་པ་དང་སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་གསུམ་ལས་བརྒལ་ཞིང་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་འཕར་སྣོན་འབྱུང་བཞིན་ཡོད། དམངས་འཚོར་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སོ་སོའི་ཐད་ལ་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བཞིན་ཡོད་ལ། ཐུན་ཏེ་རྫོང་མཁར་གསར་ཁུལ་དུ་གནས་སྤོར་སྡོད་དམངས་ཀྱི་གཏན་སྡོད་ཁུལ་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་ཡོད། ཉེ་བའི་ལོ་ལྔའི་རིང་ལ་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་མཚོ་སྔོན་རང་ཉིད་ཀྱིས་བཏང་བའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལ་བསླེབས་པ་དང་དེའི་ནང་ནས་བོད་ཁུལ་འཛུགས་སྐྲུན་ཕྱོགས་ལ་བཏང་བའི་མ་དངུལ་སྒོར་ཐེར་འབུམ་བརྒྱད་ལ་བསླེབས་ཡོད། ད་ལོ་ཡང་མཚོ་སྔོན་གྱིས་སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་རྣམས་གྲངས་ལྔ་ལ་འབྲེལ་བ་ཡོད་པའི་དམངས་ཕན་སྲིད་ཇུས་གསར་བ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག