མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚན་རིག་ལག་རྩལ་ལ་བརྟེན་ནས་གཙང་གསུམ་ཆུ་འགོ་ཁུལ་གྱི་རྩྭ་ས་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-14 10:39

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གཙང་གསུམ་ཆུ་འགོའི་རྩྭ་སའི་སྣོད་བཅུད་མ་ལག་གི་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ནི་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་གཙང་གསུམ་ཆུ་འགོ་ཁུལ་གྱི་རྩྭ་ས་སླར་གསོ་དང་སྣོད་བཅུད་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་ཞིབ་འཇུག་ཚོགས་པས་འགན་འཁུར་བ་ཞིག་ཡིན་ཞིང་།ཞིབ་འཇུག་ཚོགས་པ་དེ་ཚན་ཞིབ་མི་སྣ་40ཙམ་ལས་གྲུབ་པ་ཞིག་ཡིན་པ་དང་ཁོང་ཚོས་ས་གནས་དེ་གའི་ཞིང་འབྲོག་ཁེ་ལས་དང་།ཚན་རིག་ཞིབ་འཇུག་ཁང་།ས་གནས་སྡེ་ཚན་བཅས་དང་མཉམ་ལས་བྱས་པ་དང་མིག་སྔར་སྤུས་ལེགས་ཀྱི་ཕྱུགས་རྩྭའི་ཐོན་སྐྱེད་རྟེན་གཞི་མུའུ་95000ཙམ་བསྐྲུན་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་ཐུན་ཏེ་ཕྱུགས་རྩྭ་སྤུས་ལེགས་སྐྱེ་འཕེལ་ར་བ་དང་མཚོ་སྔོན་ཞིང་ཆེན་ཀུས་ནན་རྩྭ་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མུའུ་ཁྲི་23ཉེར་སྤྱོད་ཁྱབ་གདལ་བཏང་བ་དང་རང་བྱུང་རྩྭ་ས་མུའུ་ཁྲི་460ཡན་ལ་སྲུང་སྐྱོབ་བྱས་ཤིང་།

    འདི་ནི་ཟླ་4ཚེས་12ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་གཙང་གསུམ་ཆུ་འགོའི་རྩྭ་སའི་སྣོད་བཅུད་མ་ལག་གི་གནས་གཏན་འཁེལ་གྱི་ཚོད་ལྟའི་ས་ཚིགས་སུ་ཚན་ཞིབ་མི་སྣ་ལི་ཆིས་སྒྲིག་བཀོད་ལ་སྲུང་སྐྱོང་བྱས་ཤིང་།ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཡུན་རིང་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་ཐཱན་འཁོར་རྒྱུག་དང་།ཉི་སྐམ།རྒྱུན་གཏན་གྱི་གནམ་གཤིས་གྲངས་གཞི་སོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གནས་ཚུལ་ཡིན་པ།

    འདི་ནི་ཟླ་4ཚེས་12ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིི་སྤུས་ལེགས་ཕྱུགས་རྩྭ་ཐོན་སྐྱེད་རྟེན་གཞིར་ཚན་ཞིབ་མཉམ་ལས་ནང་ཞུགས་པའི་འབྲོག་ཁྱིམ་གྱི་འབྲི་གཡག་གིས་རྩྭ་ཟ་བའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག