མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་འཕྲལ་སྒྲུབ་གྲ་སྒྲིག་འཆར་འགོད་བཏོན་ནས་ས་འགུལ་གནོད་འཚེའི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལེགས་པོར་སྒྲུབ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-14 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་ས་འགུལ་གནོད་འཚེའི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་འཕྲལ་སྒྲུབ་གྲ་སྒྲིག་འཆར་འགོད》འགྲེམ་སྤེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ས་འགུལ་གནོད་འཚེ་བྱུང་རྗེས་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་བྱ་བ་སྣ་ཚོགས་མགྱོགས་མྱུར་དང་ཕན་ནུས་མཐོ་ལ། གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས་ཏེ། མཚོ་སྔོན་གྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྡེ་ཁག་གི་ས་འགུལ་གནོད་འཚེའི་འཕྲལ་སྒྲུབ་ནུས་པ་དང་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ཆུ་ཚད་ཇེ་མཐོར་བཏང་ནས་མི་སྣ་ཤི་རྨས་དང་གནོད་འཚེའི་ཉེན་ཁ་ཆེས་ཆེར་ཆུང་དུ་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་རྒྱུ་རེད།

《འཕྲལ་སྒྲུབ་འཆར་འགོད》དེ་ས་འགུལ་གནོད་འཚེའི་རིམ་པ་དང་ས་འགུལ་གནོད་འཚེའི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་གྱི་རྩ་འཛུགས་མ་ལག ས་འགུལ་གནོད་འཚེའི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་འཕྲལ་སྒྲུབ་ཀྱི་མགོ་རྩོམ་པ་དང་མཇུག་སྒྲིལ་བ། ཡུལ་དངོས་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར། ས་འགུལ་གནོད་འཚེ་དུས་མཇུག་གི་སྨན་བཅོས་རོགས་སྐྱོར་དང་འཕྲོད་བསྟེན་འགོས་ནད་སྔོན་འགོག འགན་སྲུང་བྱེད་ཐབས་སོགས་ཕྱོགས་བརྒྱད་ཀྱིས་གྲུབ་ཡོད། ཞིང་ཆེན་རིམ་པའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གིས་འགུལ་འགོག་གནོད་སྐྱོབ་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་། ས་གནས་སོ་སོའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གིས་འོས་བསྟུན་གྱིས་མགོ་ཁྲིད་ཚན་ཆུང་དང་ཡུལ་དངོས་བཀོད་འདོམས་པུའུ། ཆེད་མཁས་ཚན་ཆུང་བཅས་རྩ་འཛུགས་བྱེད་དགོས། 《འཕྲལ་སྒྲུབ་འཆར་འགོད》ལས་ས་འགུལ་གནོད་འཚེ་བྱུང་རྗེས། ས་གནས་འཕྲེད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་གི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་མགོ་ཁྲིད་ཚན་ཆུང་གིས་གཏན་འཁེལ་བྱས་པའི་འབྲེལ་ཡོད་སྨན་ཁང་དེ་ངེས་པར་དུ་སྨན་བཅོས་སྨན་ཁང་དུ་བརྩི་དགོས། བཀའ་ཡིག་འབྱོར་བའི་སྨན་ཁང་གིས་དུས་ཡུན་སྐར་མ30རིང་སྐོར་དང་པོའི་རྨས་མ་མྱུར་སྐྱོབ་བྱེད་པའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ཡུན་དུས་ཚོད2རིང་ཕྱོགས་ཡོངས་ནས་རྨས་མ་མྱུར་སྐྱོབ་བྱེད་པའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས་གནས་ལུགས་གཞན་ལ་ཁ་གཡར་ཏེ་འགོར་འགྱངས་དང་སྨན་བཅོས་བྱེད་རྒྱུ་ཁས་ལེན་མ་བྱས་ན་མི་ཆོག་ལ། རྨས་མ་སྨན་ཁང་དུ་འབྱོར་རྗེས་དུས་ལྟར་སྨན་བཅོས་རོགས་སྐྱོར་བྱེད་དགོས་པ་དང་། དུས་མཚུངས་སུ་གཏན་འཁེལ་ལྟར་སྨན་བཅོས་གནས་ཚུལ་སྙན་ཞུ་བྱེད་དགོས་པ་གསལ་བོར་གཏན་འཁེལ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག