མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ད་ལོར་གཙོ་གནད་དམངས་འཚོའི་ལས་གཞི36བཀོད་སྒྲིག་བྱས་ཏེ་སྤྱིའི་མ་དངུལ་སྒོར་དུང་ཕྱུར303ལ་སླེབས་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-14 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ད་ལོའི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་དམིགས་འགྲོ་གྲོན་ཕན་འབྲས་དཔྱད་འཇོག་ལས་གཞི36གཏན་འཁེལ་བྱས་པ་དང་། དེ་དག་སློབ་གསོ་དང་རིག་གནས། ཞིང་ལས། སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོང་། འཕྲོད་བསྟེན་སྨན་བཅོས། གཙོ་གནད་རྨང་གཞི་སྒྲིག་ཆས་སོགས་ལ་ཁྱབ་ཅིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར303ལ་སླེབས་ཤིང་། ལོ་སྔོན་མ་ལས10%འཕར་ཡོད།

 རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་གཙོ་གནད་ཆེད་དམིགས་འགྲོ་གྲོན་ཕན་འབྲས་དཔྱད་འཇོག་གི་སྤུས་ཚད་ཇེ་མཐོར་གཏོང་ཆེད། ད་ལོའི་ཚུན་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་མགོ་ཁུངས་ལ་ཚོད་འཛིན་བྱེད་པ་གཙིགས་སུ་བཟུང་སྟེ། དོ་དམ་གོ་རིམ་ཞིབ་ཕྲར་བཟོས་པ་དང་། ལས་གཞི་མ་འདེམས་ཡར་སྔོན་ལ་སྒྲིག་ལམ་གཏན་འཁེལ་གང་ལེགས་བྱས་ནས་ཕན་འབྲས་དཔྱད་འཇོག་གི་སྤུས་ཚད་ཇེ་མཐོར་གཏོང་བར་ཆ་རྐྱེན་བསྐྲུན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གཙོ་གནད་ལས་གཞི་དང་དམངས་འཚོ་ལས་གཞི་ཚང་མ་དཔྱད་འཇོག་གི་ཁྱབ་ཁོངས་སུ་འཇོག་རྒྱུ་གཏན་འཁེལ་བྱས་པ་དང་། གཙོ་གནད་ཆེད་དམིགས་འགྲོ་གྲོན་ཕན་འབྲས་དཔྱད་འཇོག་གི་ཆུ་ཚད་ལ་ཚོད་འཛིན་གང་ལེགས་བྱས་ནས་ནོར་སྲིད་འགྲོ་གྲོན་རང་སྟེང་ལ་དཔྱད་འཇོག་བྱས་པའི་རྨང་གཞིའི་སྟེང་། འབྲེལ་ཡོད་སྲིད་ཇུས་ལམ་ལུགས་ཀྱི་སྤྱི་སྙོམས་རང་བཞིན་དང་ཕན་ནུས་རང་བཞིན་གྱི་དཔྱད་འཇོག་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། རིགས་སོ་སོའི་མ་དངུལ་བགོ་སྤྲོད་དང་བེད་སྤྱོད་ཕན་འབྲས་ཇེ་ལེགས་སུ་བཏང་བ་དང་། ནོར་སྲིད་འགྲོ་གྲོན་སྒྲིག་གཞི་ཇེ་ལེགས་དང་ནོར་སྲིད་སྲིད་ཇུས་འཐུས་ཚང་དང་ནོར་སྲིད་ཀྱི་སྤྱི་ཡོངས་ལ་ཚོད་འཛིན་བྱེད་པའི་འགན་འཁྲི་འདོན་སྤེལ་སོགས་ལ་ཕན་འབྲས་དཔྱད་གཞི་མཁོ་འདོན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག