མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ས་འགུལ་གནོད་ཐེབས་བསྐྱར་འཛུགས་ཀྱི་མཛེས་རྩལ་ཡིག་གཟུགས་པར་རིས་འགྲེམ་སྟོན་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-14 09:19

ཟླ4བའི་ཚེས12ཉིན་གྱི་ཕྱི་དྲོར། ཡུལ་ཤུལ་ས་འགུལ་གནོད་ཐེབས་བསྐྱར་འཛུགས་ཀྱི་མཛེས་རྩལ་ཡིག་གཟུགས་པར་རིས་འགྲེམ་སྟོན་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་དངོས་སུ་སྤེལ་མགོ་བརྩམས།
ཅི་ཏེ་མ་ཅ་ཡིས་ཤིས་ཚིག་འབུལ་བའི་ཚུལ་རེད།
མགོ་ཁྲིད་རྣམ་པས་འགྲེམ་སྟོན་ལ་གཟིགས་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཡུལ་ཤུལ་ས་འགུལ་གནོད་ཐེབས་བསྐྱར་འཛུགས་ཀྱི་མཛེས་རྩལ་ཡིག་གཟུགས་པར་རིས་འགྲེམ་སྟོན་ཚེས12ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྔོན་ཆད་ཀྱི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་མགོ་གཙོ་གཞོན་པ། ཀྲུང་གོ་གསར་འགྱུར་རིག་གནས་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ལིས་ཏུང་ཏུང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་གོ་ཡུང་ཏི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྲང་ཅི་ཏེ་མ་ཅ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་སོགས་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོར་ཞུགས་པ་དང་ཅི་ཏེ་མ་ཅ་ཡིས་ཤིས་ཚིག་ཕུལ།

ཅི་ཏེ་མ་ཅ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག ཡུལ་ཤུལ་ས་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ཐེངས་འདིའི་འགྲེམ་སྟོན་ལས་ཡུལ་ཤུལ་ས་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བརྒྱུད་རིམ་དང་ལོ་བཞིའི་རིང་ལ་གནོད་ཐེབས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་གསལ་བོར་མཚོན་པར་བྱས་པ་དང་བསྐྱར་འཛུགས་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་གསལ་བོར་བརྗོད་ཡོད་ཟེར།

ཐེངས་འདིའི་འགྲེམ་སྟོན་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས། ཀྲུང་གོ་ཡིག་གཟུགས་པའི་མཐུན་ཚོགས། ཀྲུང་གོ་པར་རིས་མཁན་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཡུལ་ཤུལ་ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། འགྲེམ་སྟོན་བྱེད་ཡུན་ཉིན་གསུམ་ཡིན་པ་དང་འགྲེམ་སྟོན་ལ་མཛེས་རྩལ་དང་ཡིག་གཟུགས། པར་རིས་བཅས་ཀྱི་བརྩམས་ཆས་བསྡོམས་པས་དྲུག་བརྒྱ་ལྷག་ཞུགས་ཡོད། ཐེངས་འདིའི་འགྲེམ་སྟོན་ནི་ཡུལ་ཤུལ་ས་འགུལ་གནོད་ཐེབས་བསྐྱར་འཛུགས་རྗེས་སུ་རང་ཞིང་དུ་སྤེལ་བའི་གཞི་ཁྱོན་ཆེ་ཞིང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་སྒྱུ་རྩལ་གྱི་རྣམ་པ་མཚོན་པའི་གསར་འགྱུར་དྲིལ་སྒྲོག་བརྒྱུད་སྤྲོད་ཀྱི་བྱ་འགུལ་ཞིག་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག