མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་རིམ་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་རྣམས་མཚོ་ཤར་གྲོང་ཁྱེར་དུ་སོང་སྟེ་ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པར་ལྟ་སྐོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ལས་བྱེད་པ་རྒན་པ་ཅུའུ་གཉིས་ཀྱིས་ཞིང་ཆེན་རིམ་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་རྩ་འཛུགས་བྱས་ནས་མཚོ་ཤར་གྲོང་ཁྱེར་དུ་སོང་བ་དང་ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པར་ལྟ་སྐོར་བྱས།

ཞིང་ཆེན་རིམ་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ལ་ཕིན་ལིས་དང་ཡོ་ཞང་ཁྲིན། མཱ་ཧྥུའུ་ཧེ། གཡང་མོ་རྒྱལ། ལིས་མེན་ཅིན། སྐལ་བཟང་རྡོ་རྗེ། ཝང་ཨིན་ཁི། བུན་ལིན། ལིས་ཡུས་ལན། ལིག་ཞའོ། ཚེ་ཅུའུ་ལི། མཱ་ཅིན་ཞའོ། ཡོ་ཧྲི་ཧྲུའུ། ཕུའུ་བུན་ཁྲིན། ཁྲིན་རོས་ཀྲིན། ཆན་དབྱིན་ཞིའོ་སོགས་ཐོག་མར་མཚོ་ཤར་གྲོང་ཁྱེར་གྱི་ལོ་ཏུའུ་ས་ཁུལ་དུ་སོང་སྟེ། གྲོང་ཁྱེར་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན།

བློ་མཐུན་རྒན་པ་རྣམས་ད་རུང་མཚོ་ཤར་བཟོ་ལས་ས་ཁུལ་དང་། མཚོ་སྔོན་ཀྲུང་ཀོན་སྡེ་བའི་མཐོ་གསར་ལག་རྩལ་ཐོན་ལས་རྟེན་གཞིའི་མཚོ་ཤར་ཚན་རྩལ་གླིང་བཅས་ལ་སོང་སྟེ་བཟོ་ལས་ས་ཁུལ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། བཟོ་ལས་ས་ཁུལ་གྱི་རྣམ་པ་གསར་བས་བློ་མཐུན་རྒན་པ་རྣམས་ལ་བབ་ཆགས་ཟབ་མོ་བཞག

བློ་མཐུན་རྒན་པ་རྣམས་ཀྱིས་ཡུལ་དངོས་སུ་ལྟ་སྐོར་བྱས་ནས། མཚོ་སྔོན་ཞིང་ཆེན་ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་དངོས་སུ་མཐོང་བར་མ་ཟད། ཤར་ཕྱོགས་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་གསུམ་གྱི་རིང་ལ། ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཁྱད་ཆོས་ཐོན་ལས། སྤྱི་ཚོགས་ལས་དོན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པས། ཚང་མས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་དེ་དག་ལ་གཟེངས་བསྟོད་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག