མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་རྣམས་ལས་བྱེད་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་ལ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་སོགས་མགོ་ཁྲིད་རྣམས་ཚེས12ཉིན་གྱི་ཞོགས་པར་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་སུམ་བརྒྱ་ལྷག་དང་མཉམ་དུ། ལིན་ཅ་ཡཱན་སྡོང་འཛུགས་ས་ཁུལ་དུ་སོང་ནས་འོས་འགན་སྡོང་འཛུགས་ལ་ཞུགས།

སྡོང་བོ་འཛུགས་སར་ཐོན་པ་ན། ཞིང་ཆེན་གྱི་མགོ་ཁྲིད་དག་དགའ་དགའ་སྤྲོ་སྤྲོའི་ངང་སྡོང་འཛུགས་ངལ་རྩོལ་ལ་ཞུགས། སྡོང་བོ་འཛུགས་པའི་བར་གསེང་དུ་ཞིང་ཆེན་གྱི་མགོ་ཁྲིད་དག་ནགས་ལས་འཛུགས་སྐྲུན་གསལ་མཚོན་བྱང་བུའི་མདུན་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་སྡོང་འཛུགས་ལྗང་བསྒྱུར་གྱི་བྱ་བ་ཞིབ་འདྲི་བྱས་པ་དང་། གྲུབ་འབྲས་ལ་ཁས་ལེན་བྱས། ལོ་ཧོས་ཉིན་གྱིས་ཞིང་ཆེན་ནགས་ལས་ཐིན་གྱི་འགན་ཁུར་བློ་མཐུན་ལ་ད་ལོའི་དཔྱིད་ཀར་ཆར་ཆུ་མོད་པ་དང་། ས་ཡིས་བརླན་བཟུང་བ་བཟང་བས། གོ་སྐབས་འདི་དམ་འཛིན་བྱས་ཏེ་ཆེད་ལས་དཔུང་སྡེའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་མཉམ་དུ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་བཟང་བོར་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། གྲོང་ཁྱེར་དང་ཞིང་སྡེ་རྒྱུན་ཆད་མེད་པར་ལྗང་བསྒྱུར་བྱས་ཏེ་མང་ཚོགས་སྔར་ལས་མང་བོར་ལྗང་བསྒྱུར་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་བཤད།

ཉིན་དེར་ཞིང་ཆེན་གྱི་མགོ་ཁྲིད་པས་ལས་བྱེད་མང་ཚོགས་དང་མཉམ་དུ་ཟི་ལིང་ནས་སྡོང་རྐང་སྟོང་གསུམ་ལྷག་བཙུགས།

འོས་འགན་སྡོང་འཛུགས་ལ་ཞུགས་པའི་མགོ་ཁྲིད་ཁྲོད་དུ་ད་དུང་ལོ་ཡུས་ལིན་དང་ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅུན། ཝང་ཞའོ་ཆིན། ཀྲང་ཀོང་རུང་། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ། མུའུ་ཏུང་ཧྲིན། སྟག་འབུམ་ཐར། དབང་མོ། མཱ་ཝེ། ལིག་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ་སོགས་ཀྱང་ཡོད།

ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་། མཚོ་སྔོན་གྱིས་སྐྱེ་ཁམས་ནགས་ལས་དང་དམངས་འཚོའི་ནགས་ལས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ནགས་ལས་བཟོ་སྐྲུན་ཕྱོགས་བསྡུས་ཀྱིས་ལག་བསྟར་དང་སྒྲིག་ལུགས་སྒྲིག་སྲོལ་གསར་སྐྲུན་བྱས་ནས། མཐོ་སྒང་གི་སྡོང་འཛུགས་ནགས་སྐྲུན་གྱི་ཁྱད་ཆོས་དང་འཚམ་པའི་ལྗང་བསྒྱུར་གྱི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ལོ་སྔོན་མ་གསུམ་གྱི་ནང་ནགས་ལས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་བཏང་ནས་སྡོང་འཛུགས་ཀྱི་ལས་འགན་མུའུ་ས་ཡ་བདུན་དང་འབུམ་གཅིག་ཁྲི་བདུན་ཡོངས་འགྲུབ་བྱས། ཉིས་སྟོང་བཅུ་ལོ་ནས་བཟུང་མ་དངུལ་དང་ལས་གཞི་ཁུ་བསྡུ་བྱས་ཏེ་མཁར་གྲོང་གི་མཐའ་འཁོར་དང་ལམ་འགྲམ་སོགས་ནས་རྒྱུ་སྤུས་བཟང་བའི་སྡོང་པོ་མུའུ་འབུམ་བདུན་དང་ཁྲི་སྟོང་གསུམ་བཙུགས་པ་དང་། སྡེ་བ་བདུན་བརྒྱ་དང་ལྔ་བཅུ་ལྗང་བསྒྱུར་བྱས། ད་ལྟ་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་དྲུག་ལྷག་ལ་བསླེབས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག