མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ཡུལ་གེ་སར་དྲ་བ་ཞེས་པ་དངོས་སུ་དྲ་སྒོ་ཕྱེ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡིས་བསྐྲུན་པའི་རྨ་ཡུལ་གེ་སར་དྲ་བ(www.epicgesar.com)ཞེས་པ་དངོས་སུ་དྲ་སྒོ་ཕྱེ། དེ་ནི་རྨ་ཡུལ་མགོ་ལོག་གི་རིག་གནས་གྲངས་མཛོད་ཀྱི་དྲ་རྒྱའི་འགྲེམ་སྟོན་སྟེགས་བུ་ཞིག་ཡིན་ལ། བྱེ་བྲག་ཏུ་ཕྱི་ཕྱོགས་སུ་གེ་སར་རིག་གནས་ཞིབ་འཇུག་གི་གནས་ཚུལ་གསར་བ་དུས་ཐོག་ཏུ་ཁྱབ་སྒྲོག་དང་། གེ་སར་རིག་གནས་ཐོན་ཁུངས་གཅིག་བསྡུ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། རྨ་ཡུལ་གེ་སར་དྲ་བ་ཤར་གཏོང་བྱས་པ་དེས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པའི་ཁར། གེ་སར་རིག་གནས་ལ་དགའ་བའི་དྲ་གྲོགས་རྣམས་དང་གེ་སར་རིག་གནས་ཞིབ་འཇུག་པ་རྣམས་ལ་ཆེད་ལས་རང་བཞིན་གྱི་གེ་སར་རིག་གནས་ཤེས་བྱ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་ཐུབ།

རྨ་ཡུལ་གེ་སར་དྲ་བ་རུ་བོད་རྒྱ་དབྱིན་ཡིག་བཅས་པར་གཞི་གསུམ་དུ་ཕྱེས་ཤིང་། གཙོ་བོ་སྐབས་དོན་དང་། མི་སྣ། གནའ་ཤུལ། དཔྱད་འབྲས། སྒྲ་ལྡན། གཟུགས་ལྡན། པར་རིས། ཆེད་དོན་བཅས་ལེ་ཚན་བརྒྱད་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག