མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་རིན་རྫོང་གིས་སློབ་གསོ་ལག་ལེན་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཡིད་རྟོན་གསར་འཛུགས་དང་བརྟན་འཇགས་དམ་སྲུང་། ཀུན་སྤྱོད་ལེགས་སྒྱུར། ཞབས་ཞུར་ཤུགས་སྣོན། ནུས་ཤུགས་མཐོར་འདེགས། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་འཛུགས་པར་དམིགས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ད་ལོར། ཐུན་རིན་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་ཀྱི་བྱ་བ་དང་། གཞི་རིམ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་བདེ་ཐང་གི་ཡུན་ཕན་ལམ་ལུགས་འཛུགས་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ངང་འཕེལ་བར་སྐུལ་འདེད་གཏོང་བའི་བྱ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་དམ་དུ་སྦྲེལ་བར་འབད་འབུངས་ཧུར་བསྐྱེད་བྱས་ཏེ། ཞང་དང་གྲོང་རྡལ། སྡེ་བ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པ་དང་རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་གྱོད་དོན་འགན་ལེན་ཚན་ཆུང་བཙུགས་པ་མ་ཟད། སྤྱི་ཚོགས་ཁྲོད་གནས་པའི་འགལ་འཛོལ་མང་པོ་ཞིག་དག་ཐེར་དང་འདུམ་བསྒྲིགས་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག