མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཞིབ་འཇུག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-12 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཞིང་ཆེན་སྲིད་གཞུང་གིས་མེད་པར་གཏོང་བ་དང་ལེགས་སྒྲིག་བྱེད་རྩིས་ཡོད་པའི་སྲིད་འཛིན་ཞིབ་མཆན་དོན་དག་གི་དཀར་ཆག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བལྟས་ན། ད་ལོར། རིམ་པ་སོ་སོའི་སྲིད་གཞུང་གིས་རང་འགུལ་གྱིས་སྔོན་ལ་འཆར་གཞི་འཐེན་པ་དང་། སྔ་མོ་ནས་བཀོད་སྒྲིག་བྱེད་པའི་ལས་འགན་གལ་ཆེན་དང་དུ་བླངས་ཏེ། སྟོབས་ཤུགས་ཡོད་རྒུས་བྱ་བ་དངོས་འབེབས་བྱས་ནས། དཔལ་འབྱོར་གྱི་དམིགས་ཚད་གལ་ཆེན་དེ་ལུགས་མཐུན་གྱི་གནས་སུ་སྲུང་འཛིན་བྱས་ཡོད། ཡིན་ནའང་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཆེ་བ་དང་ནོར་སྲིད་ཡོང་སྒོ་སྤར་བའི་གནས་བབ་ཚབས་ཆེ་བ་སོགས་ཀྱི་གནད་དོན་ད་རུང་འབུར་ཐོན་ཡིན་པས། དཔལ་འབྱོར་འཁོར་རྒྱུག་ཐད་ལ་འགྱུར་ལྡོག་ཆེན་པོ་མི་འབྱུང་བ་དང་། མར་འབབ་ཚད་ལ་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་དགོས་པའི་ཞོར་དུ། ཤུགས་ཆེན་པོས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་པ་དང་། རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་བཏང་ནས། ཧུར་ཐག་སྒོས་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་དགོས་་པར་འདོད། གྲོས་ཚོགས་ནས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བར་གྲོས་གཞི་བཏོན་པ་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་བྱེད་པར་ཡར་ཞུ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག