མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ་དང་ཝང་ཅན་ཅོན་གྱིས་གཏམ་བཤད་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་ཚེས9ནས་ཚེས10ཉིན་བར་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཅི་ཏིས་མ་ཅ་དང་། ཝང་ལིན་ཅོན། ཀྲང་ཀོང་རོང་། བསྟན་ཁོ་བཅས་ཀྱིས་སོ་སོར་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་དང་། མའོ་ཞའོ་པེན། ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་སོགས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་རྒྱལ་ཡོངས་ཏང་ཨུ་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ལག་བསྟར་བསམ་འཆར་བཏོན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་ཞིབ་འཇུག་བྱས་པ་དང་། གཙོ་བོ་དགོན་པའི་ཚད་ལྡན་དོ་དམ་བྱ་བར་ཤུགས་སྣོན་པ་དང་དགོན་པའི་སྤྱི་སྤྱོད་ཞབས་ཞུའི་བྱ་བ་བཀོད་སྒྲིག་བྱས་ལ། དུས་སྐབས་སྔོན་མའི་བདེ་འཇགས་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་སྟེང་བཤད་པའི་གཏམ་བཤད་བརྒྱུད་བསྒྲགས་བྱས་པ་དང་། གྲོས་ཚོགས་ནས«ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་མགོ་ཁྲིད་དང་པོའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར»གྱི(གྲོས་བསྡུར་མ་ཡིག)ལ་གྲོས་བསྡུར་བྱས་པ་དང་། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་ལ། གཞི་རིམ་འཛུགས་སྐྲུན་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ་བཅས་ཀྱི“གཞི་གསུམ”བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་ཏང་ཨུ་ཏང་ཙུའུ་ལྟེ་གནས་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་ལ་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ལྟེ་གནས་ཚན་ཆུང་གི་དཔེ་སྟོན་སྣེ་ཁྲིད་བརྒྱུད་དེ། སློབ་སྦྱོང་བྱ་འགུལ་དེ་གཞི་རིམ་དང་ཏང་ཡོན་ཕལ་བའི་ཕྱོགས་སུ་རྒྱ་བསྐྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་བརྒྱུད་དེ་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་མཐོ་རླབས་ཤིག་སློང་དགོས། གོ་རིམ་རྗེས་མའི་བྱ་བས་གནད་འགག་གསུམ་ཁོང་དུ་ཆུད་པར་བྱེད་དགོས་ཏེ། གཅིག་ནས་རང་རྟོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། གཉིས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་རང་གཅུན་ཇེ་དྲག་ཏུ་གཏོང་དགོས་ཟེར།

གྲོས་ཚོགས་ནས་སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་གཟབ་ནན་གྱི་རེ་བ། སྔར་ལས་བརྟན་པའི་བྱེད་ཐབས། སྔར་ལས་བཟང་བའི་སྤྱོད་སྟངས་བཅས་ཀྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་རྩ་འཛུགས་བཟང་བོ་བྱས་ཏེ་བཟང་བོར་སྤེལ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ནས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། འཆམ་མཐུན་བརྟན་འཇགས་ལ་ཁག་ཐེག་བྱེད་རྒྱུ་ནི་མཚོ་སྔོན་གྱི་སྲིད་དོན་སྐྱོང་བའི་ལས་འགན་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཚད་མཐའ་རེད། ས་གནས་དང་སྡེ་ཁག་སོ་སོས་ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་ཡང་འབད་བསྐྱར་འབད་བྱས་ནས། སྔོན་ཐོན་ས་ཁུལ་འཛུགས་སྐྲུན་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། རྨང་གཞིའི་བྱ་བ་བཟང་བོར་སྒྲུབ་པ། གཞི་རྩའི་ནུས་པ་བཟང་བོ་ཞིག་སྦྱོང་བརྡར་བྱེད་རྒྱུ་བཅས་ནི་དེང་སྐབས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྲོད་དུ་གནས་པའི་གནད་དོན་ཐམས་ཅད་ཐག་གཅོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ལས་དོན་སྣ་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ། བདེ་བླག་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་གཞི་རྩའི་འགན་སྲུང་རེད། “གཞི་གསུམ”བྱ་བར་ཤུགས་སྣོན་པ་དང་། གཞི་རིམ་བཅོས་སྐྱོང་ནུས་པ་དང་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ནི་ཁུལ་གསུམ་འཛུགས་སྐྲུན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཞབས་ཕྱི་སྔར་ལས་བཟང་བོར་སྒྲུབ་པ་བཅས་ཀྱི་དགོས་མཁོ་ཡང་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་དེར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་ལ། མཚོ་སྔོན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་མཐུན་པའི་དམིགས་འབེན་གཏན་ལ་ཕབ་ནས། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་དང་། གསོན་ཤུགས་ལྡན་པའི་སྒྲིག་སྲོལ་ནང་རྐྱེན་བཙུགས་ཏེ། འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་། བྱ་བའི་མཉམ་ཤུགས་ཆགས་པར་བྱས་ནས“གཞི་གསུམ”བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཚོགས་ཐོག་ནས་མཚོ་བྱང་དང་ཡུས་ཧྲུའུ། རྨ་ལྷོ། ཟི་ལིང་། མཚོ་ལྷོ། ཧུའུ་ཀྲུའོ། ན་གོར་མོ། པད་མ། ཧོང་ཀྲུང་། ཐུན་ཏེ། ཐེམ་ཆེན་སོགས་ཁུལ་དང་རྫོང་གི་འགན་ཁུར་བས་བསམ་བློ་བརྗེ་རེས་བྱས་ཏེ་གཏམ་བཤད་སྤེལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག