མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་སྐྲུན་གྱི་པར་རིས་འགྲེམ་སྟོན་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  རྒྱལ་ཡོངས་མི་དམངས་བཅས་ཀྱིས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་དྲིལ་བསྒྲགས་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཡུས་ཧྲུའུ་གསར་བའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་བྱེད་པ། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོར་གྱི་སྙིང་སྟོབས་སློབ་སྦྱོང་བྱེད་པ་བཅས་ཡུས་ཧྲུའུ་ས་ཁུལ་དུ་ས་འགུལ་བྱུང་ནས་ལོ4འཁོར་བའི་སྐབས་འདིར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཀྲུང་གོའི་རི་མོ་བའི་མཐུན་ཚོགས།  ཀྲུང་གོའི་ཡིག་རྩལ་པའི་མཐུན་ཚོགས། ཀྲུང་གོའི་པར་ལེན་པའི་མཐུན་ཚོགས།  ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་སྐྲུན་གྱི་པར་རིས་འགྲེམ་སྟོན་ཚེས12ཉིན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུ་རྒྱུ་རེད།

ཐེངས་འདིའི་པར་རིས་བརྩམས་ཆོས་འགྲེམ་སྟོན་ལས་ལོ་ངོ་བཞིའི་རིང་ལ་གནོད་ཐེབས་མང་ཚོགས་རྣམས་སྡུག་བསྔལ་ལས་བདེ་སྐྱིད་ཀྱི་ལམ་དུ་སྐྱོད་པ་དང་།  བསྐྱར་སྐྲུན་ལས་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་བརྒྱུད་རིམ་བརྗོད་བྱ་གཙོར་བཟུང་ནས།  ནུས་ཤུགས་ཡོད་ཚད་སྒོས་གནོད་འགོག་རྒུད་སྐྱོར་ཁྲོད་འཚར་ལོངས་བྱུང་བའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་མཛད་རྒྱས་བསྔགས་བརྗོད་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་ཡུས་ཧྲུའུ་གསར་བ་དང་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱས་པའི་མཛད་རྒྱས་དར་སྤེལ་བྱེད་པ་སོགས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཚོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ནང་སྐྱོད་པར་སྐུལ་འདེད་ཐོབ་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག