མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གསར་སྐྲུན་སྒྲིག་ལུགས་ལ་བརྟེན་ནས་དབུལ་སྐྱོར་གསར་སྤེལ་བྱ་བ་སྤེལ་བའི་ཇུས་གཞི་གཏན་ལ་ཕབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་གསར་སྐྲུན་སྒྲིག་ལུགས་ལ་བརྟེན་ནས་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་བྱ་བ་གཟབ་ནན་གྱིས་སྤེལ་བའི་སྐོར་གྱི་བསམ་འཆར་ལག་ལེན་མཐའ་འཁྱོལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཕྱོགས་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་གསར་སྐྲུན་སྒྲིག་ལུགས་ལ་བརྟེན་ནས་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་བྱ་བ་གཟབ་ནན་སྒོས་སྤེལ་བའི་སྐོར་གྱི་བསམ་འཆར་ལག་བསྟར་བྱེད་ཐབས་གཏན་ལ་ཕབ།

བྱེད་ཐབས་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་དུས་སྐབས་གསར་བའི་དབུལ་སྐྱོར་བྱ་བ་སྤེལ་བའི་སྐོར་གྱི་བསམ་ཕྱོགས་གསར་བ་དང་། རེ་བ་གསར་བ། བཀོད་སྒྲིག་གསར་བ་བཅས་མཛུབ་སྟོན་དུ་བཟུང་ཡོད་ལ། ཞིང་ཆེན་ཏང་ཨུའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ། ཁུལ་གསུམ་ཧུར་ཐག་གིས་གསར་སྐྲུན། འབྱོར་འབྲིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་དུ་སྦྲེལ་ཏེ། དམངས་འཚོ་ལེགས་བཅོས་དང་འཕེལ་རྒྱས་ཡར་སྐུལ། བར་ཁྱད་ཇེ་ཆུང་བཅས་ཀྱི་བསམ་ཕྱོགས་ལྟར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ལ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ས་ཡ་གཅིག་གིས་ཇེ་ཉུང་ལ་གཏོང་རྒྱུ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས་དབུལ་སྐྱོར་ཕན་འབྲས་སྲ་བརྟན་དུ་བཏང་ནས། དབུལ་ཕོངས་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱེད་རྒྱུ། རྨང་གཞིའི་སྒྲིག་ཆས་མངོན་གསལ་གྱིས་ཇེ་ལེགས་དང་། སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་གོང་འཕེལ། མི་གྲངས་བྱང་ཚད་མངོན་གསལ་སྒོས་མཐོར་འདེགས། ཁྱད་ཆོས་ཐོན་ལས་ཕལ་ཆེར་ཆགས་པར་བྱེད་པ། སྒུལ་ཤུགས་གསོན་ཤུགས་ཕན་ནུས་ལྡན་པའི་སྒོ་ནས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་གི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་གཏན་ལ་ཕབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག