མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་ཞིབ་དང་མཛུབ་སྟོན་ཚན་ཆུང་དང་པོས་མང་ཚོགས་དང་འབྲེལ་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་ཞིབ་དང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཞའོ་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་གི་ཞང་དང་གྲོང་རྡལ། ཞིང་སྡེ་ཁ་ཤས་བཅས་སུ་སོང་སྟེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ལིག་ཞའོ་སྔ་གཞུག་ཏུ་ཧོང་ཡན་རྫོང་ཏུང་ཞ་ཞང་སོགས་སུ་སོང་སྟེ་ཞིང་བ་ཁྱིམ་ཚང་དང་ཏང་ཡོན་དང་ལས་བྱེད་པ་བཅས་དང་མཉམ་དུ་ཁྱིམ་ཚང་གི་གནས་ཚུལ་དང་ཞིང་སྡེའི་བྱ་བ་གླེང་བ་དང་། མང་ཚོགས་ཡིད་མི་ཚིམ་པའི་གནད་དོན་ཅི་ཞིག་ཡིན་པ། སློབ་གསོ་ལག་ལེན་བྱ་འགུལ་བརྒྱུད་དེ་ཆེས་བསྒྲུབ་ན་འདོད་པའི་བྱ་བ་ཅི་ཞིག་ཡིན་པ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད་དུ་འགྱུར་ལྡོག་གསར་བ་དང་སྣང་ཚུལ་གསར་བ་མྱོང་ཐུབ་ཡོད་མེད་དང་། ས་ཞིང་གཞུང་གིས་བཀོལ་སྤྱོད་བྱེད་པ་དང་ས་ཞིང་ལ་ཁ་གསབ་སྟེར་བ། ཐུན་མོང་གི་མ་དངུལ་བགོ་བཤའ་རྒྱག་པ། སྡོད་ཁུལ་གྱི་གླ་རིན་དམའ་བའི་ཁང་བ་བགོ་བཤའ་རྒྱག་པ། ཆེས་དམའ་བའི་འཚོ་བའི་འགན་སྲུང་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་དྲིས་པ་མ་ཟད། རྫོང་དང་ཞང་། སྡེ་བ་བཅས་ཀྱི་མགོ་ཁྲིད་ཚན་ཁག་དང་ཏང་ཡོན་དཔུང་སྡེའི་སྤྱོད་སྟངས་གནས་ཚུལ། “སྲོལ་ངན་བཞིའི”ཕྱོགས་ཀྱི་འབུར་དུ་ཐོན་པའི་གནད་དོན་དང་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་བཅས་ཀྱི་ཕྱོགས་ནས་ཡོངས་ཁྱབ་ཏུ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

ལིག་ཞའོ་ཡིས་བསྟན་དོན། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་རྗེས་ཕྱོགས་སུ་གནད་སའི་ལས་འགན་གསལ་བོ་བྱེད་པ་དང་གཅིག་གྱུར་གྱིས་བཀོད་སྒྲིག་དང་འཆར་འགོད་བྱེད་པར་དོ་སྣང་བྱས་ནས་ནན་ཏན་སྒོས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་གོ་སྐབས་སུ་བཟུང་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་སྲོལ་ངན་བཞི་གཅིག་བསྡུས་བྱས་ནས་གནད་དོན་བཙལ་དགོས་པ་དང་། རྒྱ་ཆེའི་མང་ཚོགས་དང་མཉམ་འདུག་མཉམ་ལས་བྱེད་དགོས། བྱ་འགུལ་སྤེལ་བར་བརྟེན་ནས་བྱ་འགུལ་དེ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པའི་ལངས་ཕྱོགས་སུ་བརྩིས་ནས་སློབ་ཞོར་དུ་སྒྱུར་ཞོར་བྱས་ནས་དོན་དངོས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱས་ནས་སྤྱོད་སྟངས་ལེགས་པོ་འཛུགས་པ་དང་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ནས་གཟབ་ནན་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག