མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཟི་ལིང་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་གྱི་སྐུལ་སློང་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚེས10ཉིན་ཟི་ལིང་གྲོང་ཁྱེར་གྱི་སྡོང་འཛུགས་ནགས་སྐྲུན་དང་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། ཧྲིན་ཀྲང་ཧའོ་ཕིན་གྱིས་གཏམ་གལ་ཆེན་བཤད། ཁོས་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་ལེགས་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་སའི་འགན་བབ་སྡོང་འཛུགས་བྱ་བར་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལྟར། སྟོབས་ཤུགས་གཅིག་བསྡུས་དང་དཔའ་ངར་ཆེར་བསྐྱེད།བློ ་བརྟན་འགྱུར་མེད། རང་འགན་དོན་འཁྱོལ་བཅས་ཀྱི་རྣམ་འགྱུར་བཟུང་ནས། ལྷོ་རི་དང་བྱང་རིའི་ལྗང་སྒྱུར་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་དང་མཛེས་སྡུག་གི་མཚོ་སྔོན་གསར་འཛུགས་བྱེད་པའི་རིམ་སྤོར་ཅན་གྱི་པར་གཞི་ལེགས་འགྲུབ་ཡོང་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བཤད།

ཧའོ་ཕིན་གྱིས་གཏམ་བཤད་སྐབས་བསྟན་དོན། ལྷོ་རི་དང་བྱང་རི་ལྗང་སྒྱུར་བྱེད་པའི་བྱ་བ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིག་རྒྱང་རིང་བོ་དང་ཕུགས་འདུན་ཟབ་མོ་མངོན་པར་མཚོན་ཡོད་པར་མ་ཟད། མཚོ་སྔོན་མི་དམངས་ཀྱི་དཀའ་སྤྱད་སྡུག་རུས་དང་ཧུར་ཐག་འབད་འཐབ་བྱེད་པའི་གཞོམ་མེད་ཀྱི་སྙིང་སྟོབས་དང་བླ་མེད་ཀྱི་སྤྱོད་བཟང་དེ་དར་སྤེལ་བྱས་ཡོད། ད་དུང་ནགས་སྐྲུན་ལྗང་སྒྱུར་བྱ་བར་ཕན་པའི་ཉམས་མྱོང་དང་རྨང་གཞི་བཟང་བོ་འཚོལ་ཞིབ་བྱས་ཏེ་གསར་རྙེད་བྱུང་ཡོད་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ལྷོ་རི་དང་བྱང་རིའི་ལྗང་སྒྱུར་བྱ་བ་ནི་མ་ལག་ཅན་གྱི་བཟོ་སྐྲུན་ཞིག་ཡིན་པ་ཕུད། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱེད་པའི་ཡུན་རིང་གི་དམིགས་འབེན་ཡང་ཡིན་པས། ངེས་པར་དུ་མགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་པ་དང་། མ་དངུལ་གྱི་འགན་སྲུང་རང་བཞིན་ཇེ་དྲག་ཏུ་གཏོང་བ། བྱ་བའི་ལམ་ལུགས་འཐུས་ཚང་ཅན་དུ་གཏོང་བ་བཅས་ལ་འབད་ནས། སྟོབས་ཤུགས་གཅིག་སྒྲིལ་སྒོས་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་བྱ་བ་ཕྱི་བཤོལ་མེད་པར་སྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག