མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ཀྲུང་གོ་གེ་སར་རིག་གནས་དངོས་མང་བཤམ་སྟོན་ཁང་གི་བཟོ་སྐྲུན་བཀོད་སྒྲིག་བྱེད་ཚུལ་གྱི་རྩ་གནད”བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-11 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་རྩོམ་ཞིབ་འཇུག་སའོ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཟི་ལིང་ནས་གེ་སར་ཆེད་མཁས་པ་དང་རིག་གནས་པ་མང་པོ་གཅིག་ཏུ་གདན་ཞུ་བྱས་ཏེ། མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཀྲུང་གོ་གེ་སར་རིག་གནས་དངོས་མང་བཤམ་སྟོན་ཁང་གི་བཟོ་སྐྲུན་བཀོད་སྒྲིག་བྱེད་པའི་ཡར་སྔོན་གྱི་འབྲེལ་ཡོད་རྩ་གནད་ལ་བཞུགས་མོལ་བྱས།

སྤྱིའི་མ་དངུལ་སྒོར་ཁྲི2650བང་བའི་གེ་སར་རིག་གནས་དངོས་མང་བཤམ་སྟོན་ཁང་གི་འཛུགས་སྐྲུན་ལས་གཞི་དེ2011ལོའི་ཟླ6པར་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས། སྤྱིའི་བཟོ་སྐྲུན་ནི་ཐོག་རིམ་གསུམ་ཅན་གྱི་སྒྲིག་གཞི་ཞིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ5279ཡོད། མིག་སྔར་བཟོ་འགོད་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

རྩ་གནད་ཁྲོད་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་བཟོ་སྐྲུན་བཀོད་སྒྲིག་བྱེད་པར་གེ་སར་རིག་གནས་གཙོ་བྱས་པའི་རིག་གནས་ཤུལ་བཞག་དང་མི་རིགས་དམངས་ཁྲོད་རིག་གནས་འགྲེམ་སྟོན་གང་ལེགས་བྱས་ཏེ། མགོ་ལོག་ཁུལ་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་སྲིད་ཇུས་ལག་བསྟར། དྲིལ་སྒྲོག་སློབ་གསོ། ཚོང་འགུག་དངུལ་འདྲེན་དང་ཚོགས་འདུ། རིག་གནས། སྤྱི་ཕན། སློབ་གསོ་སོགས་ཀྱི་བྱ་བ་སྤེལ་བར་སྟབས་བདེ་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།

བཞུགས་མོལ་ཚོགས་འདུར་ཞུགས་པའི་མཚོ་སྔོན་གྱི་ཕྱོགས་སོ་སོའི་ཆེད་མཁས་པས་མགོ་ལོག་ཁུལ་གྱིས་རྩ་གནད་མཚམས་སྦྱོར་དང་གསལ་བཤད་ལ་ཉན་རྗེས། སོ་སོས་བཟོ་སྐྲུན་གྱི་གནས་བབ་དང་ཁྱད་ཆོས། བྱེད་ནུས། གྲུབ་ཆ། མ་འོངས་པའི་འཕེལ་རྒྱས་དང་དོ་སྣང་བྱེད་དགོས་པའི་གནད་དོན་སོགས་ཀྱི་ཐད་ནས་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག