མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱིས་གྲོས་ཚོགས་བསྡུས་ནས་མངག་སྡོད་ལས་ཁུངས་ཀྱི་ད་ལོའི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱིས་ཚེས་བརྒྱད་ཉིན་གྲོས་ཚོགས་བསྡུས་ནས། མངག་སྡོད་ལས་ཁུངས་ཀྱི་ད་ལོའི་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལས་འགན་གཙོ་བོ་གཅིག་བསྡུས་བྱེད་པ། ལས་འགན་ཁུར་ཕོད་པ། ལས་སྒོ་གཙོ་བོ་དང་འགན་འཁུར་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། ཆབ་སྲིད་ཀྱི་རྣམ་འགྱུར་བཟང་བོ་དང་རྩ་འཛུགས་ཀྱི་སྒྲིག་ལམ་དམ་པོར་བརྟེན་ནས་བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ཆམ་ཕབ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་འགན་ནུས་དང་། ཐབས་ཤེས། སྤྱོད་ཚུལ་བཅས་མྱུར་དུ་བསྒྱུར་བ་དང་། མངག་སྡོད་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་རྟོག་གི་ཐབས་ཤེས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། གཙོ་བོ་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་ཤུགས་སྣོན་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སྣ་ཚོགས་བརྩི་སྲུང་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་ལག་བསྟར་བྱེད་དགོས་ལ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་ཉེར་གཅིག་གི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་བཟུང་ནས། མ་དངུལ་བཀོལ་སྤྱོད་དོ་དམ་བྱ་བ་དང་། སྲིད་འཛིན་རྩིས་ཞིབ་ཆོག་མཆན་བྱ་བ། ལས་བྱེད་པའི་མི་དོན་བྱ་བ་དང་དེ་མིན་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་བྱ་བ། གཏེར་ཐོན་ཐོན་ཁུངས་སྒྲིག་བཀོད་སོགས་སྤྱི་སྤྱོད་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞིར་རྩད་ནན་མོ་གཅོད་དགོས་པ་དང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། “སྲོལ་ངན་བཞི”ཡོ་བསྲང་བྱེད་པ། སྤྱོད་གཙང་སྲིད་གཙང་བྱེད་པ་དང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་བཅས་ལ་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག