མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཨ་བྲའི་གནོད་འགོག་ལས་གཞི་བདེ་བླག་ངང་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-11 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཚུན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་དོན་དངོས་ལ་གཞིགས་ཏེ། ནན་ཏན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་འགོད་ཀྱི་གཅིག་སྒྲིལ་རྫོང་རྩྭ་སའི་ཨ་བྲའི་གནོད་འགོག་ལས་གཞིའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབས།

2013ལོར་གཅིག་སྒྲིལ་རྫོང་གི་ཨ་བྲའི་གནོད་འགོག་ལས་གཞིའི་ལེགས་བཅོས་ཐོབ་པའི་གཞི་ཁྱོན་ལ་མུའུ་ཁྲི213.45ཡོད་པ་དང་། ལས་གཞི་དེ་རྫོང་ཡོངས་ཀྱི་ཤང་ལྔ་དང་གྲོང་རྡལ་གི་འབྲོག་དམངས་ཨུ་ཡོན་ལྷན་ཚོགས22ལ་ཁྱབ་ཤིང་། ཟླ2པ་ནས་ཟླ6པའི་བར་དུ་ལག་བསྟར་བྱེད་རྒྱུ་རེད། ལས་གཞི་དེར་འགོག་བཅོས་ཀྱི་ཕན་ནུས་མངོན་གསལ་ལྡན་པ་དང་ཕན་འབྲས་ཐོན་སླ་བ། ཁོར་ཡུག་སྦག་བཙོག་ཆུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་འགོག་བཅོས་ཀྱི་ཕན་འབྲས་ཐོན་ཚད90%ཡན་ལ་སླེབས་ཐུབ་པ་དང་། གཅིག་སྒྲིལ་རྫོང་ལ་ཨ་བྲའི་གནོད་པ་ཐེབས་ཚད་དེ་ཆེས་ཆུང་བའི་ཆུ་ཚད་དུ་སླེབས་ནས་རྩྭ་སའི་སྔོ་ཤུན་ལ་སྲུང་སྐྱོང་དང་། ཕྱུགས་རྩྭའི་གྱོང་གུད་ཇེ་ཉུང་དུ་གཏོང་བ། ས་ཆུ་ནུས་པ་ཤོར་བ་འགོག་པ། རྩྭ་ས་སླར་གསོ་ལ་ཕན་པ་སོགས་ཀྱི་བྱེད་ནུས་ལྡན་ཞིང་། རིམ་བཞིན་གཅིག་སྒྲིལ་རྫོང་གི་རྩྭ་སའི་སྐྱེ་ཁམས་མ་ལག་དེ་ཇེ་ལེགས་སུ་གཏོང་ཐུབ།

ཨ་བྲའི་གནོད་འགོག་དུས་སྐབས་སུ་གཅིག་སྒྲིལ་རྫོང་གིས་འབྲོག་པ་མང་ཚོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་བ་མ་ཟད། གནོད་འགོག་བྱས་པའི་སྔ་རྗེས་ཀྱི་རྩྭ་སར་བསྡུར་ནས་འབྲོག་པ་མང་ཚོགས་ཀྱི་ཨ་བྲའི་གནོད་པ་དང་གནོད་འགོག་གི་དོན་སྙིང་ལ་ངོས་འཛིན་བྱེད་ཚད་ཇེ་ཆེར་བཏང་སྟེ། འབྲོག་པ་མང་ཚོགས་ཀྱི་ཨ་བྲའི་གནོད་པ་འགོག་བཅོས་ཀྱི་རང་འགུལ་རང་བཞིན་ཇེ་མཐོར་བཏང་བས་ཨ་བྲའི་གནོད་འགོག་གི་བྱེད་ཐབས་དངོས་འབེབས་དང་ཕན་འབྲས་རྒྱུན་མཐུད་བརྟན་བརླིང་དུ་གཏོང་བར་ཕན་ནུས་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག