མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ན་གོར་མོ་གྲོང་ཁྱེར་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་གནང་བ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཟླ4བའི་ཚེས7ཉིན་ནས་ཚེས8ཉིན་བར་དུ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བཤད་རྒྱུར། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ངེས་པར་དུ་དར་སྤེལ་ཤུགས་ཆེན་བྱས་ནས། གཟབ་ནན་གསུམ་དང་དངོས་ཡོད་གསུམ་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་ཡོད་བླང་བྱ་དང་ལས་འགན་གཙོ་བོ།ཐབས་ཇུས་གོ་རིམ་བཅས་ལ་ངོས་ཟིན་ཡང་དག་ཡོད་པ་བྱས་མཐར། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཟུང་ནས།བྱ་འགུལ་བདེ་ཐང་ངང་འཁོར་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་པ་མ་ཟད། ན་གོར་མོ་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་ཉིད་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསླེབ་པར་འབད་འཐབ་བྱེད་དགོས་ཟེར།

ཧའོ་ཕིན་ཉིན་གཉིས་ཀྱི་རིང་ལ་སྔ་གཞུག་ཏུ་ཀོ་ལེ་མོ་ཏི་གྲོང་རྡལ་གྱི་བྱང་སྡེ་དང་རྨ་ཆུའི་སྲང་ལམ་གྱི་གཞིས་ཁུལ། གྲོང་ཁྱེར་སྲིད་གཞུང་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས། ལས་བྱེད་པའི་སྤྱོད་ལམ་དང་གཞི་རིམ་རྩ་འཛུགས་སོགས་ཕྱོགས་མང་བོའི་ཐད་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས། ཧའོ་ཕིན་གྱིས་ཀོ་ལེ་མོ་ཏི་གྲོང་རྡལ་གྱི་བྱང་རྒྱུད་སྡེ་བ་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་གླེང་མོལ་བྱས། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་མགོ་བརྩམས་པ་ནས་བཟུང་། སྡེ་བའི་ནང་དུ་སྔ་ཕྱིར་ཏང་ཡོན་ཚོགས་འདུ་ཐེངས་ལྔ་བསྡུས་པ་དང་།ད་དུང་ཟི་ལིང་གྲོང་ཁྱེར་ཏང་གི་སློབ་གྲྭའི་ཆེད་མཁས་དགེ་རྒན་གདན་འདྲེན་བྱས་ནས་སློབ་ཁྲིད་བྱས་ཏེ། སྒོ་ཀུན་ནས་ཏང་ཡོན་ལས་བྱེད་པར་སློབ་གསོ་མྱོང་སྐལ་ལྡན་པ་རེད། གནས་ཚུལ་དེ་ཐོས་འཕྲལ་ཧའོ་ཕིན་དགའ་སྤྲོ་ཆེན་པོ་སྐྱེས། ཁོས་གཞི་རིམ་མང་ཚོགས་ལ་སློབ་གསོ་ལག་ལེན་བྱ་འགུལ་གྱི་གོ་སྐབས་བཟང་བོ་འཆོར་མེད་དམ་འཛིན་བྱེད་དགོས་པར་སྐུལ་འདེད་བྱས་ཏེ། ཏང་རྩ་འཛུགས་ཀྱི་བྱ་བ་བཟང་བོ་སྒྲུབ་པར་འབད་འབུངས་བྱས་པ་བརྒྱུད། མཁར་བྱང་རྒྱུད་ཀྱི་སྡེ་བ་འདི་ཉིད་གསོན་ཉམས་ཀྱིས་ཀུན་ནས་ཕྱུག་ཅིང་མཛེས་སྡུག་གིས་བརྒྱན་པའི་ཞིང་སྡེ་གསར་བ་ཞིག་ཏུ་འགྱུར་བར་བརྩོན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་ལ་ཞུགས་ཏེ། གནས་དེ་གའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་རྗེས། ཧའོ་ཕིན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་གནས་བབ་གསར་བའི་འོག་ཏུ་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། གཟབ་ནན་གསུམ་དང་དངོས་ཡོད་གསུམ་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། སྤྱོད་ངན་བཞིའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས།ན་གོར་མོ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏན་ཡོན་ལས་བྱེད་པ་ཚང་མས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་འབད་དེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དུས་ལྟར་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ནས་དོན་འཁྱོལ་ཡོང་བར་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ནི་སྐོར་ཐེངས་དང་པོའི་བྱ་འགུལ་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་ནས་སྒྲུབ་པ་ཞིག་ཡིན་པས། མང་ཚོགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་རེ་ལྟོས་ཆེན་པོ་བཅངས་ཡོད། དེ་བས་གཟབ་ནན་དང་དངོས་ཡོད་གནས་ཚུལ་ལྟར་བྱ་འགུལ་སྤེལ་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན་ཞེས་ནན་གྱིས་བསྟན།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སློབ་གསོ་ལག་ལེན་བྱ་འགུལ་ལ་ཕན་འབྲས་ཐོབ་མིན་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ལྟ་བུ་ཡིན་པས། ན་གོར་མོ་གྲོང་ཁྱེར་གྱིས་སློབ་གསོ་ལག་ལེན་བྱ་འགུལ་ལ་སྐུལ་འདེད་བཏང་ནས། སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་དང་དམངས་ཕན་དམངས་ཕྱུག གཞི་རིམ་རྨང་གཞི་སྲ་བརྟན་དང་གཞི་གཅིག་ཏུ་སྦྲེལ་ནས། ངེས་པ་དོན་གྱིས་སློབ་གསོ་ལག་ལེན་བྱ་འགུལ་དོན་འཁྱོལ་ཡོང་བར་འབད་འབུངས་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག