མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི“ཁུལ་གསུམ”རིག་གནས་ཤེས་ལྡན་མི་སྣའི་ཞབས་ཞུ་དང་གསར་སྐྲུན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རིག་གནས་དཔུང་སྡེའི་ཕྱོགས་བསྡུས་ཆུ་ཚད་དང་ཞབས་ཞུའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་ཆེད། ཟླ་བཞི་བའི་ཚེས་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་སྒྲུབ་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱི“ཁུལ་གསུམ”རིག་གནས་ཤེས་ལྡན་མི་སྣའི་ཞབས་ཞུ་དང་གསར་སྐྲུན་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཚོགས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རིག་གནས་དང་སྒྱུ་རྩལ་ཁང་། དཔེ་མཛོད་ཁང་བཅས་ཀྱི་མགོ་ཁྲིད་དང་བྱེད་སྒོའི་རྐང་འཛིན་པ་བརྒྱ་ལྷག་གིས་ཞིང་ཆེན་ནང་ཁུལ་ནས་རིགས་གཞུང་གསོ་སྦྱོང་བྱེད་པར་མ་ཟད། ད་རུང་པེ་ཅིན་དང་ཐེན་ཅིན་ས་ཁུལ་གཉིས་ལ་སོང་སྟེ་ཡུལ་དངོས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱ་འགུལ་སྤེལ་ཏེ། རང་སྟེང་གི་ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་ཆུ་ཚད། གསར་སྐྲུན་ནུས་པ་བཅས་ཇེ་ཆེར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི“ཁུལ་གསུམ”འཛུགས་སྐྲུན་ཁྲོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག