མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས«འོས་འགན་སློབ་གསོའི་དུས་རིམ་གྱི་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོ་དང་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་སློབ་གསོ་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་བརྡ་ཐོ»བཏང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས«འོས་འགན་སློབ་གསོའི་དུས་རིམ་གྱི་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོ་དང་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་སློབ་གསོ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ»བཏང་།

བརྡ་ཐོའི་ནང་དུ། སློབ་གྲྭ་འབྲིང་ཆུང་སོ་སོས་གོང་རིམ་སློབ་གསོ་ཐིན་སྲིད་འཛིན་སྡེ་ཁག་གིས་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པའི་ཆ་རྐྱེན་དང་མཐུན་པའི་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོ་དང་ལེན་བྱེད་དགོས་པ་ལས། དང་ལེན་མི་བྱེད་པ་དང་ཡང་ན་མཐོང་ཆུང་བྱེད་མི་ཆོག སློབ་གསོའི་ཐོན་ཁུངས་མི་འདང་བ་དང་། སློབ་གྲྭའི་སློབ་མ་མང་བ། འཛིན་གྲྭའི་མི་གྲངས་མང་དྲག་ནས་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོ་དང་ལེན་བྱེད་དཀའ་བའི་སློབ་གྲྭས་ས་གནས་ཀྱི་སློབ་གསོ་ཐིན་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་ནས་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོ་སློབ་གྲྭར་ཞུགས་པའི་གནད་དོན་ཐག་གཅོད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གིས་གནས་གཏན་ཁེལ་མེད་པའི་མི་གྲངས་ཀྱི་བུ་བུ་མོར་ཁེར་རྐྱང་དུ་འཛིན་གྲྭ་བསྒྲུབ་མི་ཆོག་པ་དང་། སློབ་གསོའི་སློབ་ཁྲིད་དང་། བྱ་དགའ་སྟེར་བ། ཕུལ་བྱུང་དཔེ་ལེགས་འདེམ་པ་དང་། གུང་གཞོན་ཚོགས་པར་ཞུགས་པ་སོགས་ཐད་ནས་ས་དེའི་སློབ་མ་རྣམས་དང་གཅིག་འདྲ་ཡིན་དགོས་པ་དང་། གཅིག་གྱུར་གྱིས་དོ་དམ་དང་། གཅིག་གྱུར་གྱིས་སློབ་ཁྲིད་བྱེད་པའི་བྱ་བ་ལག་བསྟར་བྱས་ནས། སློབ་གསོའི་སློབ་ཁྲིད་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག