མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏུང་ཧྲན་ཞང་པའེ་ཡ་ཧི་སྡེ་བའི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:23

1111.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཧྲན་ཞང་པའེ་ཡ་ཧི་སྡེ་བའི་བྱ་བར་རྟོག་ཞིབ་བྱེད་སྐབས། ས་དེའི་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་བྱམས་བརྩེའི་ངང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཚེས་དྲུག་ནས་ཚེས་བདུན་ཉིན་བར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཧྲན་ཞང་པའེ་ཡ་ཧི་སྡེ་བར་སོང་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད་དབུལ་ཐར་ཕྱུག་བསྒྱུར་གྱི་བྱ་བར་མཛུབ་སྟོན་བྱས། རི་མ་ས་ཁུལ་དུ་ཡོད་པའི་པའེ་ཡ་ཧི་སྡེ་བ་ནི་ཧུའུ་ཀྲུའུ་རྫོང་གི་དབུལ་སྐྱོར་སྡེ་བ་གལ་ཆེན་རེད།

    པའེ་ཡ་ཧི་སྡེ་བར་ཐོན་རྗེས་ལོ་ཧོས་ཉིན་གྱིས་མང་ཚོགས་རྣམས་ལ་བཤད་རྒྱུར། རི་མ་ས་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་སྤེལ་ན་ཡུལ་བབ་དང་བསྟུན་དགོས་པ་དང་། ས་དམའ་ས་ནས་སྐས་ཞིང་ལས་ཆོག་པ་དང་རྨོ་བསྐྱུར་ནགས་སྐྲུན་བྱ་བ་སྤེལ་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་མཉམ་དུ་སྤེལ་ནས་རྒྱལ་ཁ་ལེན་དགོས་ཟེར།

    པའེ་ཡ་ཧི་སྡེ་བར་འདེབས་གསོའི་གོམས་སྲོལ་ཡོད་མོད་ཡིན་ནའང་འཕེལ་རྒྱས་བྱུང་མེད། རྟོག་ཞིབ་བྱེད་སྐབས། ཞིང་བ་མང་བོར་འདེབས་གསོའི་འདོད་བློ་ཡོད་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཐག་ཉེ་སའི་ཅི་ཅ་ལིན་སྡེ་བས་འདེབས་གསོ་ལས་རིགས་སྤེལ་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ཉམས་མྱོང་ལ་ཞིབ་འཇུག་བྱས་རྗེས། ལོ་ཧོས་ཉིན་གྱིས་ཞིང་ཆེན་དང་རྫོང་དབུལ་སྐྱོར་ཅུའུ་ཡི་བློ་མཐུན་རྣམས་དང་མཉམ་དུ་པའེ་ཡ་ཧི་སྡེ་བར་ཐོན་ལས་དབུལ་སྐྱོར་ལས་གཞི་བཀོད་སྒྲིག་བྱས། ཁོས་བསྟན་དོན། དབུལ་སྐྱོར་ཕྱུག་བསྒྱུར་བྱ་བ་ནི་ཚང་མས་སེམས་ཁུར་བྱེད་པའི་ཐུན་མོང་གི་རེ་འདུན་ཡིན་པ་དང་། ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཕྱུག་འགྱུར་གྱི་ལམ་བཟང་བོ་ཞིག་ཡིན་པས། མཉམ་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཆོག་ལ། གསོ་འདེབས་ལས་རིགས་ཀྱི་གཞི་ཁྱོན་ཡང་རྒྱ་བསྐྱེད་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག