མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ10རིང་མཚོ་སྔོན་གྱི་ཞིང་ཁྱིམ་ཁྲི17ལྷག་ལ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ4བའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་འཕྲུལ་ཆས་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2004ལོར་མཚོ་སྔོན་གྱིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁགསབ་སྲིད་ཇུས་ལག་བསྟར་བྱས་པའི་ཚུན། ལོ10ཡི་རིང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར6ཙམ་དང་། ཞིང་ཆེན་རིམ་པའི་ཆ་སྡེབ་མ་དངུལ་སྒོར་ཁྲི5275བཏང་ལ། ཞིང་ལས་འཕྲུལ་ཆས་ཁྲི22ཉོས་པར་ཁ་གསབ་བྱས་ཏེ་ཕན་ཁེ་ཐོབ་པའི་ཁྱིམ་ཚང་ཁྲི17.63ལ་སླེབས་པ་དང་། ནང་མཁོའི་སྒོར་དུང་ཕྱུར11.59སྐུལ་ཁྲིད་བྱས་པས། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་དེ་ལོ་བརྒྱད་རིང་བསྟུད་མར་འཕར་བ་མངོན་འགྱུར་བྱས་པ་དང་། རོང་འབྲོག་པའི་ཡོང་སྒོ་ལོ་དགུའི་རིང་འཕར་ཚད་ཇེ་མགྱོགས་སུ་སོང་བ་མངོན་འགྱུར་བྱེད་པར་བྱས་རྗེས་བཞག་ཡོད།

རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་གྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་དེ2005ལོའི་སྟོང་ཝ་ཁྲི317.8ནས2013ལོར་སྟོང་ཝ་ཁྲི436.32ལ་སླེབས་ཡོད། ཞིང་ལས་ལོ་ཏོག་རྨོ་འདེབས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆ་སྙོམས་ཆུ་ཚད་དེ33%ནས50%ཇེ་མཐོར་སོང་ཡོད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དེས་རོང་འབྲོག་པའི་ཞིང་ལས་འཕྲུལ་ཆས་ཅན་འཕེལ་རྒྱས་སུ་གཏོང་བའི་ནང་གི་དགོས་མཁོ་ལ་སྐུལ་སློང་བྱས་པ་དང་། ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་པས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་འཕེལ་རྒྱས་ཆེན་མོ་བྱུང་ཡོད།

ཞིང་ཆེན་ཞིང་ཕྱུགས་ལས་འཕྲུལ་ཆས་དོ་དོམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཝེ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ཀྱིས་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཆུ་ཚད་ཚད་མཐོན་པོས་གོང་དུ་སྤེལ་བ་དང་། ཞིང་སའི་ཐོན་ཚད་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་བཏང་སྟེ་རོང་འབྲོག་པའི་རྩོལ་ལས་ཇེ་ཡང་དུ་བཏང་བ་མ་ཟད། ཐོན་སྐྱེད་མ་རྩ་ཇེ་ཉུང་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པར་འགྱུར་ལྡོག་བཏང་སྟེ། རོང་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས་ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་སྐྱེད་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ཆེར་བཏང་ཡོད། དུས་མཚུངས་སུ་ཞིང་ལས་འཕྲུལ་ས་མཉམ་ལས་རྩྭ་འཛུགས་མེད་པ་ནས་ཡོད་པར་སྐུལ་འདེད་བཏང་སྟེ། 2013ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་དེ77ལ་སླེབས་ཡོད། དེའི་ནང་ཆེད་ལས་མཉམ་ལས་ཁང5ལ་ཞིང་ལས་པུའུ་ཡིས་རྒྱལ་ཡོངས་དཔེ་སྟོན་མཉམ་ལས་ཁང་གི་མཚན་སྙན་གནང་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གི་ཞབས་ཞུ་ནུས་པ་དེ་མུའུ་ཁྲི80ལ་སླེབས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག