མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོས་འགན་སྲུང་སྡོད་ཁང2070བསྐྲུན་ནས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-10 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ཧུར་བརྩོན་གྱིས་གཞིས་ཁུལ་གསར་རྙིང12ཀྱི་ཕྱོགས་བསྡུས་ལེགས་བཅོས་ལས་འགན་དང་སྤྱི་བའི་གླ་གཏོང་སྡོད་ཁང520འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང1550ལེགས་བཅོས་བྱས་ལ། ས་ཁང་བདག་ཁོངས་ཐོན་ལས་ཐད་མ་དངུལ་སྒོར་དུང་ཕྱུར5ལེགས་འགྲུབ་བྱས།

ད་ལོར། ན་གོར་མོ་གྲོང་ཁྱེར་གྱིས་དུས་ལྟར་སྤུས་ཚད་ལ་ཁག་ཐེག་བྱས་ནས་འགན་སྲུང་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་པ་མ་ཟད། ཡང་བསྐྱར་བགོ་སྤྲོད་བྱེད་པའི་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་དགོས་པའི་བསམ་འཆར་བཏོན་ནས་སྡོད་ཁང་ནང་གནས་སྤོར་ཐུབ་པ་མངོན་འགྱུར་བྱས། ལོ་སྔོན་མ་དག་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞི་ལ་རྩད་ཞིབ་བྱས་ཏེ། ཆ་སྡེབ་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། སྡོད་ཁང་ནང་འདུག་ཐུབ་པ་མངོན་འགྱུར་བྱས། སྤྱི་བའི་གླ་གཏོང་སྡོད་ཁང་དང་གླ་རིན་དམའ་བའི་སྡོད་ཁང་མཉམ་འབྲེལ་གྱིས་འཁོར་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་འཛུགས་སྐྲུན་མ་དངུལ་ཧྲག་བསྡུ་བྱས་པ་མ་ཟད་གླ་རིན་ལ་མཐོ་དམན་བཟོས་ཏེ། སྡོད་ཁང་གི་གླ་རིན་སྟེར་ཐུབ་པ་མངོན་འགྱུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག